གསར་འགྱུར་ཡིག་ཚགས།
2024-05-31
མོན་གྷོ་འདོད་རྒུ་གླིང་རུ་ཁག་དང་གྷོ་ལ་ཐཱ་ལ་རུ་ཁག་གཉིས་བར་རྩེད་འགྲན་བྱས་པའི་ཁྲོད་མོན་གྷོ་རུ་ཁག་གིས་སྤོ་ལོ་གསུམ་བླུགས་ནས་འདི་ལོའི་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་རྟགས་མ་བླངས་སོང་།
2024-05-31
རྒྱ་དཀར་ནག་བར་མཐའ་མཚམས་ཀྱི་རྩོད་རྙོག་ཡོད་བཞིན་པའི་སྐབས་རྒྱ་ནག་གིས་བོད་ཀྱི་མཐའ་མཚམས་སུ་གསང་ཡིབ་ཐུབ་པའི་དེང་རབས་འཐབ་འཛིང་གནམ་གྲུ་(J-20)་བཅུ་དྲུག་སྒྲིག་བཤོམ་བྱས་འདུག
2024-05-31
རྒྱ་གར་གྱི་གྲོས་ཚོགས་འོག་མའི་འཐུས་མི་དང་རྒྱ་གར་དབུས་གཞུང་གི་ཕྱི་སྲིད་བློན་ཆེན་ཟུར་པ་སྐུ་ཞབས་ཤཱ་ཤི་ ཐཱ་རུར་ལགས་ཀྱིས་སྲིད་སྐྱོང་མཆོག་དང་མཇལ་འཕྲད་དང་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་འཚམས་གཟིགས་གནང་འདུག
2024-05-31
བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་ནས། བོད་དང་བལ་ཡུལ་གྱི་འགག་སྒོ་ཁག་ཕྱེས་པ་དེས་བོད་ནང་དཔལ་འབྱོར་གྱི་ཁེ་ཕན་ཙམ་ལས། ཆབ་སྲིད་ཐད་གོང་འཕེལ་གཏོང་རྒྱུའི་བཟང་ཕྱོགས་ཀྱི་དམིགས་ཡུལ་ཞིག་མིན་པ་བརྗོད་བྱུང་།
2024-05-30
ཡོ་རོབ་སྦལ་ཊིག་མངའ་ཁུལ་ཨིསི་ཊོནི་ཡཱའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་(Juku-Kalle Raid)་ལགས་ཉེ་ཆར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས་སུ་གཟིགས་སྐོར་དུ་ཕེབས་པར་ཁུལ་དེའི་རྒྱ་ནག་གཞུང་ཚབ་པས་སྐྱོན་བརྗོད་བྱས་འདུག
2024-05-30
རྒྱ་ནག་གཞུང་གིས་རྒྱ་ནག་གི་ནང་བསྟན་མཐུན་ཚོགས་ཟེར་བ་བེད་སྤྱོད་ཀྱིས་བོད་བརྒྱུད་ནང་བསྟན་རྒྱ་ནག་ཅན་དུ་བསྒྱུར་ཐབས་དང་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་འཚོལ་ཞིབ་དང་ངོས་འཛིན་བྱེད་རྒྱུའི་ལས་དོན་སྤེལ་གྱི་ཡོད་འདུག
2024-05-30
འདས་པའི་ལོ་ཤས་ནས་རྒྱ་ནག་གཞུང་གིས་བོད་ནང་གི་སློབ་གྲྭ་ཁག་ཏུ་རྒྱ་ནག་གཅིག་གི་འདུ་ཤེས་ཞེས། རྒྱ་ནག་དམར་ཤོག་ཚོགས་པའི་ཆབ་སྲིད་སློབ་གསོ་ཤུགས་ཆེར་སྤེལ་མགོ་ཚུགས་ཡོད་པ་ལྟར། ཕྱི་ཟླ་༥ནང་རྒྱ་ནག་གཞུང་འབྲེལ་གྱི་གོ་སྒྲིག་འོག་བོད་ཀྱི་རྒྱལ་ས་ལྷ་ས་ཁུལ་དུ་བོད་རང་སྐྱོང་ལྗོངས་ཟེར་བའི་རྫོང་དང་གྲོང་ཚོ་ ༢༣ ནས་སློབ་ཕྲུག་བསྡུ་རུབ་ཀྱིས།སྐབས་གཉིས་པའི་ལྷ་ས་གྲོང་ཁྱེར་གྱི་གཞོན་ནུ་ལོ་ཆུང་གིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་གཙོ་དོན་གཏམ་བཤད་འགྲན་བསྡུར་ཟེར་བ་ཞིག་བསྡུས་ཡོད་པ་དང་།
2024-05-30
དུས་ཚོད་རིམ་སོང་གིས་༧གོང་ས་མཆོག་དང་མཇལ་རྒྱུའི་གོ་སྐབས་ནམ་བྱུང་ན། དེ་ནི་ཧ་ཅང་གིས་རྩ་ཆེན་པོ་དང་བསྐལ་བ་བཟང་པོ་རེད་ཅེས། རྒྱ་གར་གྲོས་ཚོགས་འཐུས་མི་ཤཱ་ཤེ་ཏཱ་རོར་ལགས་ནས་༧གོང་ས་མཆོག་ལ་མཇལ་ཁ་ཞུས་རྗེས་འགྲེལ་བརྗོད་གནང་གི་འདུག
2024-05-29
རྒྱ་ནག་གཞུང་གིས་སྤྱི་ལོ་༡༩༨༩ལོའི་གནམ་བདེ་སྒོ་མོ་ཆེའི་དྲག་གནོན་ཁྲོད་འདས་གྲོངས་སུ་གྱུར་བའི་གཉེན་ཉེ་ཚོར་གསར་འགོད་པར་སྐད་ཆ་བཤད་མི་ཆོག་པའི་བཀའ་བཏང་འདུག
2024-05-29
སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བལ་བོད་ས་མཚམས་སྦས་ཡུལ་རོལ་བ་གླིང་ས་གནས་ནས་ཕེབས་པའི་དད་ལྡན་པ་ཁག་ཅིག་ལ་མཇལ་ཁ་བསྩལ་འདུག
2024-05-29
མིས་བཟོས་རིག་ནུས་ལ་བརྟེན་ནས་ཡོངས་དགེ་མི་འགྱུར་རིན་པོ་ཆེ་ཡི་གསུང་སྐད་རྫུན་མ་བཟོས་ཏེ་གསུང་ཆོས་རྫུན་མ་སྒྲོག་པ་དང་ཞལ་འདེབས་བསྡུས་པ་སོགས་ཀྱི་གནས་ཚུལ་བྱུང་འདུག
2024-05-29
ཕྱི་ལོ་ ༢༠༢༤ ཟླ་བ་ ༥ ཚེས་ ༢༨ ཉིན། རྒྱ་ནག་གི་བཙོན་འོག་ཏུ་ཡོད་པའི་བོད་ཀྱི་ཚོང་བ་རྡོ་རྗེ་བཀྲ་ཤིས་ལགས་ཀྱི་གཅེན་མོ་མགོན་པོ་སྐྱིད་ལགས་ནས།དེ་སྔ་ཁོ་མོར་རྒྱ་ནག་པེ་ཅིན་ཆེས་མཐོའི་མི་དམངས་ཉེན་རྟོག་ཁང་ནས་སྤྲད་པའི་ཡི་གེ་ཞིག་བཟུང་སྟེ། བོད་རང་སྐྱོང་ལྗོངས་མཐོ་རིམ་མི་མང་ཁྲིམས་ཁང་མདུན་དུ་རྡོ་རྗེ་བཀྲ་ཤིས་ལགས་ཀྱི་བཙོན་འཇུག་ཁྲིམས་ཆད་ལ་བསྐྱར་ཞིབ་ཆེད་ཞི་རྒོལ་ལས་འགུལ་སྤེལ་སྐབས། ལྷ་སའི་ཉེན་རྟོག་པས་ཁོང་མོ་བཀག་འགོག་དང་བཅར་རྡུང་བྱས་ཡོད་པ། བོད་ཕྱི་ནང་གཉིས་ཀྱི་འབྲེལ་ཡོད་བོད་མི་གཉིས་ནས་འདི་ག་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
2024-05-28
མདོ་དབུས་མཐོ་སྒང་གི་མཚེའུ་རྒྱ་ཆེ་རུ་འགྲོ་བཞིན་པ་དེས་སྤྱི་ཚོགས་དང་སྐྱེ་དངོས་ཁོར་ཡུག་ལ་ཤུགས་རྐྱེན་ཐེབས་རྒྱུ་དང་མ་འོངས་ཚོད་དཔག་དཀའ་བའི་གནས་སུ་གྱུར་རྒྱུའི་ཉེན་ཁ་ཡོད་པ་ཉམས་ཞིབ་གྲུབ་དོན་ནང་གསལ་འདུག
2024-05-28
ཏོག་དབྱིབས་ནད་ཡམས་ཁྱབ་གདལ་གྱི་རྐྱེན་བྱས་ཏེ་དུས་ཡུན་རིང་པོར་སྒོ་རྒྱབ་པའི་བོད་དང་བལ་ཡུལ་ཀྱི་ས་མཚམས་འགག་སྒོ་བཅུ་བཞི་དངོས་སུ་སྒོ་ཕྱེ་ཡོད་འདུག
2024-05-28
ལོ་ལྟར་བོད་ཟླ་ ༤ པའི་ས་ག་ཟླ་བའི་ཚེས་ ༡༥ ཉིན་དང་། འདི་ལོའི་ཕྱི་ཟླ་༥ཚེས་༢༣་ཉིན་ནི་མངའ་རིས་དར་ཆེན་སྒྲེངས་འཛུགས་ཀྱི་ཉིན་ལ་འཁེལ་ཡོད་པ་བཞིན།རྒྱ་ནག་གཞུང་གིས་འདི་ལོ་མངའ་རིས་དར་ཆེན་སྒྲེངས་འཛུགས་དང་འབྲེལ་མི་ཚོགས་འདུ་འཛོམས་ལ་ཚོད་འཛིན་དང་། དར་ཆེན་སྒྲེངས་འཛུགས་སྐབས་མི་མང་འདུ་འཛོམས་མཁའ་དབྱིངས་སུ་མི་མེད་བརྙན་མིག་འཕུར་སྐྱོད་མི་ཆོག་པའི་གསལ་བསྒྲགས་དང་། དར་ཆེན་སྒྲེངས་འཛུགས་ལ་འགྲོ་མཁན་ཚོར་ཞིབ་བཤེར་དང་སྤྱི་ཚོགས་བདེ་འཇགས་དང་ཟིང་འཁྲུག་མི་ལངས་པའི་ཁས་ལེན་བྱེད་བཅུག་ཡོད་པ།བོད་ནང་གི་འབྲེལ་ཡོད་བོད་མི་གཉིས་ནས།འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།