བརྙན།

བརྙན་འཕྲིན་གསར་འགྱུར། ༢༠༢༥།༠༣།༢༠

2025-03-20

བརྙན་འཕྲིན་གསར་འགྱུར། ༢༠༢༥།༠༣།༢༠ ༡) ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལྷ་ས་ནས་ཆིབས་ཐོན་མཛད་སྐབས་མགོན་པོ་ཕྱག་དྲུག་ལ་ཐུགས་སྨོན་མཛད་ཡོད་པ་ལྟར། མ་འོངས་པར་མགོན་པོའི་ཞལ་མཇལ་ཡོང་བའི་རེ་བ་ཡོད་པ་བཀའ་གནང་འདུག ༢) བོད་དོན་ཞུ་གཏུག་མཐུན་ཚོགས་ནས་རྒྱ་གར་གྲོས་ཚོགས་གོང་འོག་ནང་བོད་དོན་གླེང་སློང་ཡོང་ཆེད་ལྡི་ལིར་བོད་དོན་ཞུ་གཏུག་གནང་བཞིན་འདུག ༣) རྒྱ་ནག་གཞུང་གིས་མུ་མཐུད་མདོ་སྨད་ཕྱོགས་ཀྱི་མཛོད་དགེ་སྟག་ཚང་ལྷ་མོ་ཀིརྟི་དགོན་དང་རྔ་བ་ཀིརྟི་དགོན་གཙོས། མདོ་སྨད་ཕྱོགས་སུ་དགོན་སྡེ་ཁག་ཏུ་གྲྭ་རྒྱུན་གསར་ཞུགས་མི་ཆོག་པའི་དམ་དྲག་ཤུགས་ཆེར་བྱེད་བཞིན་པ་མ་ཟད། བྱིས་པ་ལོ་ཆུང་དགོན་པའི་ནང་དུ་ཁྲིད་མི་ཆོག་པའི་དམ་དྲག་བྱེད་བཞིན་ཡོད་པ། ༤) བོད་བརྒྱུད་ནང་བསྟན་གྱི་དགེ་འདུན་པ་ཚོས་མཚན་རིག་ལ་སློབ་གཉེར་དང་དེ་བརྒྱུད་གཞི་ཡུལ་མི་འདྲ་འབའི་ཐོག་ལ་དགེ་འདུན་པའི་སྤྱི་ཚོགས་ཁྲོད་ཞིབ་འཇུག་གནང་པའི་འཕེལ་རིམ་སྐོར་གླེང་མོལ་ཞུས་པའི་ལས་རིམ་བཅས་རྒྱང་བསྲིངས་ཞུ་རྒྱུ་ཡོད། Reporter: Tashi Wangchuk Producer: Yeshi Tashi