རྒྱ་ནག་གིས་བོད་ཀྱི་མཐའ་མཚམས་སུ་གསང་ཡིབ་ཐུབ་པའི་འཐབ་འཛིང་གནམ་གྲུ་སྒྲིག་བཤོམ་བྱས་འདུག

2024.05.31
རྒྱ་ནག་གིས་བོད་ཀྱི་མཐའ་མཚམས་སུ་གསང་ཡིབ་ཐུབ་པའི་འཐབ་འཛིང་གནམ་གྲུ་སྒྲིག་བཤོམ་བྱས་འདུག རྒྱ་ནག་གིས་བོད་ཀྱི་མཐའ་མཚམས་སུ་གསང་ཡིབ་ཐུབ་པའི་དེང་རབས་འཐབ་འཛིང་གནམ་གྲུ་(J-20)་བཅུ་དྲུག་སྒྲིག་བཤོམ་བྱས་ཡོད་པ། ༠༥།༢༧།༢༠༢༤
AllSource Analysis

དེ་ཡང་(AllSource Analysis)་ཉམས་ཞིབ་ལྟེ་གནས་ཁང་གིས་མིས་བཟོས་སྲུང་སྐར་བརྒྱུད་བར་སྣང་ནས་བླངས་བའི་པར་རིས་དང་བཅས་གནས་ཚུལ་སྤེལ་བའི་ནང་། རྒྱ་ནག་མི་དམངས་བཅིངས་གྲོལ་དམག་ཁོངས་མཁའ་དམག་གིས་བོད་ཀྱི་གཞིས་ཀ་རྩེའི་གནམ་ཐང་གཉིས་ནང་(J-20)་རྟགས་ཅན་གྱི་གསང་ཡིབ་ཐུབ་པའི་འཐབ་འཛིང་གནམ་གྲུ་དྲུག་སྒྲིག་གཤོམ་བྱས་ཡོད་པ་བཀོད་འདུག
གནམ་ཐང་དེ་དག་ནི་དངོས་ཡོད་སྟངས་འཛིན་ས་ཐིག་དང་རྒྱང་ཐག་སྤྱི་ལེ་༡༥༥ཙམ་ལས་མེད་པ་དང་། འབྲས་ལྗོངས་དང་འབྲུག བོད་ཀྱི་མཐའ་ཁུལ་འདྲེས་མཚམས་ཀྱི་འབྲོག་ལམ་དང་ཐག་ཉེ་ས་ན་ཡོད་འདུག
དེ་མིན་ད་དུང་ས་གནས་དེར་ (J-10)་རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་ཁ་ཤས་དང་མཁའ་ཐོག་སྔོན་བརྡ་དང་སྟངས་འཛིན་ཐུབ་པའི་(KJ-500)་གནམ་གྲུ་གཅིག་བཅས་སྒྲིག་གཤོམ་བྱས་ཡོད་པ་དང་། འདི་ནི་རྒྱ་དཀར་ནག་བར་དངོས་ཡོད་སྟངས་འཛིན་ས་མཚམས་ས་ཐིག་ཐད་དམག་དོན་རྩོད་རྙོག་དེ་བྱུང་ནས་ལོ་ལྔ་བ་འགྲོ་གི་ཡོད་པའི་སྐབས་ཡིན་པ་རེད།
གནས་ཚུལ་ནང་། (J-20)་འཐབ་འཛིང་གནམ་གྲུ་དེ་དག་ཕྱི་ཟླ་༥པའི་ཚེས་༢༧ཉིན་མཁའ་དམག་གི་རྟེན་གཞིར་འབྱོར་དང་། དེའི་སྔོན་དངོས་རྫས་སྐྱེལ་འདྲེན་གནམ་གྲུ་ཞིག་ཀྱང་འབྱོར་ཡོད་པ་དེ་ནི་ས་ཐོག་དམག་མི་བཀོད་འཇོག་དང་རྒྱབ་རོགས་མཁོ་ཆས་དབོར་འདྲེན་ཆེད་ཡིན་པར་ཚོད་དཔག་བྱེད་བཞིན་འདུག
དེའི་ཐད་རྒྱ་གར་གྱི་རྒྱལ་སྲུང་སྡེ་ཁག་གི་མཐོ་རིམ་དཔོན་རིགས་ཤིག་གིས་རྒྱ་གར་དུས་བབ་གསར་ཁང་ལ་གོང་ཞུས་རྒྱ་ནག་གིས་སྒྲིག་གཤོམ་བྱས་པའི་(J-20)་འཐབ་འཛིང་གནམ་གྲུ་དེ་དག་ནི་གཞིས་ཀ་རྩེ་ནས་མཁའ་ཐོག་ཚོད་ལྟའི་ཆེད་ཡིན་པ་བརྗོད་འདུག
ཉེ་བའི་ལོ་ཤས་ནང་རྒྱ་ནག་གཞུང་གིས་བོད་དང་རྒྱ་གར་གྱི་ས་མཚམས་ཁུལ་དུ་གོ་གཉིས་ཆོད་ཀྱི་གྲོང་གསེབ་མང་དག་ཅིག་གསར་འཛུགས་བྱས་ཡོད་པ་དང་། དམག་གི་རྟེན་གཞི་ཁག་སྲ་བརྟན་བཟོས་པ་མ་ཟད། མཁའ་དམག་གི་གནམ་གྲུ་དཔུང་འཇོག་བྱེད་རྒྱུ་དེ་ཡང་མང་དུ་བཏང་ཡོད་པ་དང་། དེ་དག་ཤར་ཏུར་ཀིསུ་ཐན་གྱི་ཧི་ཐེན་དང་ཁ་ཞི་གྷར། བོད་ཀྱི་གཞིས་ཀ་རྩེ། སྤང་ཏ། ཉིང་ཁྲི་སོགས་སུ་གནམ་ཐང་གི་གནས་ཚད་ཡར་རྒྱས་བཏང་བའི་རྗེས་སུ། འཐབ་འཛིང་གནམ་གྲུ་དང་གས་གཏོར་གནམ་གྲུ མྱུལ་ཞིབ་གནམ་གྲུ་སོགས་མང་པོ་འགྲེམས་འཇོག་བྱེད་བཞིན་པ་དང་། གནམ་ཐང་དེ་དག་ནང་གི་གནམ་གྲུའི་རྒྱུགས་ལམ་གསར་བཟོ་དང་རྒྱ་བསྐྱེད་གཏོང་གི་ཡོད་པ་གནས་ཚུལ་ནང་བཀོད་འདུག


གསར་འགོད་པ། ལྕགས་མོ་འཚོ།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎