ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།

2025.04.23
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས། ཨ་རིའི་རྒྱལ་ས་ལྦ་ཤིང་ཊོན་ཌི་སིར་ཡོད་པའི་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་དབུས་ལས་ཁུངས། ༢༠༢༥།༠༣།༡༨ ཉིན།
RFA

དེ་རིང་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་འགན་འཛིན་བྷེ་ཕང་གིས་ཨ་རིའི་ཀོ་ལོམ་བྷི་ཡ་རྫོང་གི་ཁྲིམས་ཁང་གིས་སྔོན་འགྲོའི་བཀའ་ཁྱབ་ཅིག་བཏང་སྟེ། ཨ་རིའི་གོ་ལའི་བརྒྱུད་ལམ་ལས་ཁུངས་(USAGM)ནས་ཨ་རིའི་གྲོས་ཚོགས་ཀྱིས་མཁོ་སྤྲོད་གནང་བའི་མ་དངུལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་བགོ་འགྲེམས་དགོས་སྐོར་གསུངས་པར་དགའ་བསུ་ཞུས་ཡོད།

ཨ་རིའི་གོ་ལའི་བརྒྱུད་ལམ་ལས་ཁུངས་(USAGM)ཀྱིས་མ་དངུལ་མཁོ་སྤྲོད་མཚམས་འཇོག་བྱས་རྐྱེན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་ཨ་རིར་རྟེན་གཞི་བྱས་པའི་ལས་བྱེད་བཞི་ཆ་གསུམ་ལྷག་གནས་སྐབས་རིང་ཕོགས་མེད་ལས་མཚམས་བཞག་པ་དང་། ཕྱི་རྒྱལ་གྱི་རང་དབང་གསར་འགོད་པ་རྣམས་ཀྱི་གན་རྒྱ་ཡང་མཚམས་འཇོག་བྱས་ཡོད།

དེ་འབྲེལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་འགན་འཛིན་བྷེ་ཕང་གིས། "གྲོས་ཚོགས་ཀྱི་དམིགས་ཡུལ་ལྟར་ཨ་རིའི་གོ་ལའི་བརྒྱུད་ལམ་ལས་ཁུངས་(USAGM)ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་མུ་མཐུད་མ་དངུལ་མཁོ་སྤྲོད་བྱེད་དགོས་པའི་ཁྲིམས་ཐག་གཅོད་པར་ང་ཚོས་དགའ་བསུ་ཞུ་བཞིན་ཡོད། ད་ཆ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གྲོས་ཚོགས་ཀྱི་མ་དངུལ་གློད་གྲོལ་གནང་རྒྱུ་དེ་ཨ་རིའི་གོ་ལའི་བརྒྱུད་ལམ་ལས་ཁུངས་ཀྱི་ལག་ཏུ་ཡོད། ང་ཚོས་སྔར་བཞིན་ལས་དོན་བསྐྱར་གསོ་བྱེད་འདོད་ཡོད་ནའང་། དེ་ལྟར་བྱེད་པར་ང་ཚོར་དུས་ཐོག་ཏུ་མ་དངུལ་རྒྱུན་ལྡན་ལྟར་འབྱོར་དགོས། དེ་བར་དུ་ཟླ་སྔོན་མར་ང་ཚོའི་གསར་འགོད་པ་དང་ལས་བྱེད་རྣམས་གནས་སྐབས་རིང་ལས་མཚམས་བཞག་པའི་གནས་སྟངས་དེ་རང་དུ་མུ་མཐུད་གནས་དགོས་བྱུང་ཡོད།"ཅེས་གསུངས་ཡོད།

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་། 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎