བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག

2025.04.22
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག རྫ་སྟོད་རྫོང་གི་པར། ཟླ་ཚེས་མི་གསལ།
མི་སེར་གྱི་འདྲ་པར།

ཕྱི་ཟླ་ ༤ ཚེས་ ༢༡ ཉིན་གྱི་བོད་ནང་གི་སྔ་དྲོའི་ཆུ་ཚོད་ ༩:༧ ཐོག་རྒྱ་ནག་གཞུང་གིས་བཅད་བགོས་བྱས་པ། བོད་ནང་གི་ཡུལ་ཤུལ་སྐྱེ་རྒུ་མདོ་ཁུལ་རྫ་སྟོད་རྫོང་ཁྲ་འདམ་ཡུལ་ཚོའི་ནང་། ས་འགུལ་ཚད་རིམ་ ༤.༦ ཅན་ཞིག་བརྒྱབ་ཡོད་པ་དང་། ས་ཡོམ་གྱི་འགུལ་ཤུགས་ཆེན་པོ་དེ་ཙམ་བྱུང་མ་སོང་ལ། ལྟེ་གནས་གཙོ་བོ་འབྲོག་ས་ཁག་ཏུ་བྱུང་བས། མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་པ་དང་། རྒྱ་ནག་གཞུང་འབྲེལ་མི་སྣས་ས་གནས་ཁག་ཏུ་ཞིབ་བཤེར་ཆེད་འབྱོར་ཡོད་པ། བོད་ནང་གི་འབྲེལ་ཡོད་བོད་མི་གཅིག་ནས་འདི་ག་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།

རྒྱ་ནག་གཞུང་འབྲེལ་གསར་ལམ་ཁག་ཏུ་ས་ཡོམ་འགུལ་ཚད་གཏོང་རིམ་སྤྱི་ལེ་ ༡༠ ཡིན་པ་དང་། ས་འགུལ་བྱུང་སའི་ལྟེ་བའི་སྤྱི་ལེ་ ༢༠ ནང་ཁྲ་འདམ་ཡུལ་ཚོ་ལས་མེད་པ་དང་། སྤྱི་ལེ་ ༨༡ མཚམས་སུ་ནག་ཆུ་སོག་རྫོང་དང་། སྤྱི་ལེ་ ༩༡ མཚམས་སུ་སྦྲ་ཆེན་རྫོང་བཅས་ཡོད་པ་དང་བཀོད་འདུག་ལ། རྒྱ་ནག་གཞུང་འབྲེལ་ངོས་ནས་མུ་མཐུད་ས་འགུལ་ཆེད་ཚན་རིག་དང་མཐུན་པའི་རྩད་ཞིབ་དང་། ས་མཚམས་བརྟག་ཞིབ་དང་ས་གནས་བརྟན་བརླིང་ལ་འབད་བརྩོན་བྱ་རྒྱུ་ཡིན་པ་སོགས་བཀོད་འདུག

རྒྱ་ནག་གཞུང་འབྲེལ་ས་ཡོམ་ཚད་མཇལ་བརྟག་དཔྱད་ལས་ཁུངས་ཟེར་བས། ཐེངས་འདིར་ས་འགུལ་བྱུང་ཁུལ་དུ་ཉེ་བའི་ལོ་༥ རིང་ཚད་རིམ་ ༣ ཡན་གྱི་ས་འགུལ་ཐེངས་ ༧༧ བྱུང་ཡོད་པ་བཀོད་འདུག་ལ། ཕྱི་ལོ་ ༢༠༡༠ ལོའི་ཕྱི་ཟླ་ ༤་ཚེས་ ༡༤ ཉིན་ཡུལ་ཤུལ་སྐྱེས་རྒུ་མདོ་རུ་ས་ཡོམ་ཚད་རིམ་ ༧.༣ ཅན་ཞིག་བརྒྱབ་སྟེ་མི་གྲངས་ ༢༦༩༨ ལྷག་རྐྱེན་འདས་སུ་ཕྱིན་པའི་གནས་ཚུལ་བྱུང་ཡོད་པ་རེད།

གསར་འགོད་པ། ལོ་ཡག་བཀྲིས། 

རྩོམ་སྒྲིག་པ། བསྟན་འཛིན་བསྟན་སྐྱོང་། 

དྲྭ་ཐོག་སྤེལ་མཁན། བསྟན་འཛིན་བསྟན་སྐྱོང་། 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎