༧གོང་ས་མཆོག་དང་མཇལ་རྒྱུའི་གོ་སྐབས་ནམ་བྱུང་ཧ་ཅང་རྩ་ཆེན་པོ་དང་བསྐལ་བ་བཟང་པོ་རེད་ཅེས། རྒྱ་གར་གྲོས་ཚོགས་འཐུས་མི་ཤཱ་ཤི་ ཐཱ་རུར་ལགས་ཀྱིས་༧གོང་ས་མཆོག་ལ་མཇལ་ཞུ་རྗེས་བརྗོད་འདུག

2024.05.30
༧གོང་ས་མཆོག་དང་མཇལ་རྒྱུའི་གོ་སྐབས་ནམ་བྱུང་ཧ་ཅང་རྩ་ཆེན་པོ་དང་བསྐལ་བ་བཟང་པོ་རེད་ཅེས། རྒྱ་གར་གྲོས་ཚོགས་འཐུས་མི་ཤཱ་ཤི་ ཐཱ་རུར་ལགས་ཀྱིས་༧གོང་ས་མཆོག་ལ་མཇལ་ཞུ་རྗེས་བརྗོད་འདུག
Photo OHHDL

དུས་ཚོད་རིམ་སོང་གིས་༧གོང་ས་མཆོག་དང་མཇལ་རྒྱུའི་གོ་སྐབས་ནམ་བྱུང་ན། དེ་ནི་ཧ་ཅང་གིས་རྩ་ཆེན་པོ་དང་བསྐལ་བ་བཟང་པོ་རེད་ཅེས། རྒྱ་གར་གྲོས་ཚོགས་འཐུས་མི་ཤཱ་ཤེ་ཏཱ་རོར་ལགས་ནས་༧གོང་ས་མཆོག་ལ་མཇལ་ཁ་ཞུས་རྗེས་འགྲེལ་བརྗོད་གནང་གི་འདུག

རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་དང་རྒྱ་གར་གྱི་ཤེས་ལྡན་མི་སྣ་གྲགས་ཅན་ཤཱ་ཤེ་ཏཱ་རོར་ལགས་ནས།བཞུགས་སྒར་༧རྒྱལ་བའི་ཕོ་བྲང་དུ་སྤྱི་ཟླ་༥པའི་ཚེས་༣༠ཉིན་བོད་མིའི་དབུ་ཁྲིད་༧གོང་ས་མཆོག་གི་མཇལ་ཁ་ཞུས་ཡོད་ཅིང་། མཇལ་ཁ་གྲུབ་ནས་ཁོང་གིས་གསར་འགོད་པ་ཚོར་སོ་སོ་༧གོང་ས་མཆོག་ནས་བྱིན་རླབས་ཞུ་ཆེད་ཁོ་ནར་མཇལ་ཁ་ལ་བཅར་པ་དང་། མགོན་པོ་གང་ཉིད་ལ་མཇལ་ཏེ་ཁོ་རང་ལ་སེམས་གཏིང་ནས་ཡིད་འགུལ་ཆེན་པོ་ཐེབས་པ་དང་། ཧ་ལམ་སྔར་ཚོར་མ་མྱོང་བའི་བྱིན་རླབས་ཀྱི་ཚོར་བ་ཁྱད་པར་ཅན་ཞིག་རང་རྒྱུད་ལ་སྐྱེས་ཤིང། དུས་ཚོད་རིམ་པར་སོང་བ་དང་བསྟུན་༧གོང་ས་མཆོག་དང་མཇལ་རྒྱུའི་གོ་སྐབས་ནམ་བྱུང་ན། གོ་སྐབས་དེ་ཧ་ཅང་རྩ་ཆེན་པོ་དང་བསྐལ་བ་བཟང་པོ་རེད་ཅེས་འགྲེལ་བརྗོད་གནང་གི་འདུག་

མཇལ་ཁ་ལ་བཅར་དོན་ནི་མགོན་པོ་གང་ཉིད་ཀྱི་བྱིན་རླབས་ཐོབ་པ་དང་ཞལ་མཇལ་གསུང་ཐོས་ཀྱི་བསྐལ་བ་ལྡན་ཆེད་ཁོ་ན་ཡིན་པ་དང་། འདས་པའི་ལོ་ངོ་མང་པོའི་རིང་ངས་ཁོང་ཐེངས་མ་བཞི་ལྔ་ཞིག་མཇལ་མྱོང་བ་དང་། དུས་ཚོད་རིམ་པར་འགྲོ་བཞིན་པ་དང་བསྟུན་ཁོང་ལ་མཇལ་རྒྱུའི་བསྐལ་བ་ནམ་ལྡན་ན། དེ་ནི་ཧ་ཅང་རྩ་ཆེའི་བསྐལ་བཟང་གི་གོ་སྐབས་ཤིག་རེད། མགོན་པོ་གང་ཉིད་ཀྱིས་འཛམ་གླིང་སྤྱི་ལ་ལེགས་སྐྱེས་གྱ་ནོམ་པ་ཕུལ་ཡོད་པས།སོ་སོ་སྒེར་ལ་མཚོན་ནའང་མཇལ་ཁ་འདི་དམིགས་བསལ་གྱི་བསྐལ་བ་བཟང་པོ་ཞིག་ཏུ་ཚོར་གྱི་ཡོད་ཅེས་འགྲེལ་བརྗོད་སོང་ལ། མཇལ་ཁའི་སྐབས་༧གོང་ས་མཆོག་གིས་ཁོང་ཚོར་ཆོས་ལུགས་མཐུན་སྒྲིལ་དང་རྒྱ་གར་ལ་གུས་བརྩི་ཆེན་པོ་ཡོད་པར་གསུངས་པ་སོགས་འགྲེལ་བརྗོད་གནང་གི་འདུག་

ང་རང་གིས་ཐོག་མར་སྤྱི་ལོ་༡༩༧༩ལོར་སིད་སི་རྒྱལ་ཁབ་ནང་༧གོང་ས་མཆོག་ལ་མཇལ་རྒྱུའི་གོ་སྐབས་ཐོབ་པ་ནས་ཐེངས་མ་བཞི་ལྔ་ཞིག་མཇལ་ཁ་ཞུས་མྱོང་བ་དང་། ང་ལ་མཚོན་ན་མགོན་པོ་གང་ཉིད་ནི་འགྲོ་བ་མི་ཁྱད་པར་དུ་འཕགས་པ། རྣམ་དཔྱོད་དང་བྱམས་བརྩེའི་བདག་ཉིད་ཆེན་པོ་བསམ་བརྗོད་ལས་འདས་པ་ཞིག་ཏུ་མཐོང་གི་ཡོད་ཅིང་། ཁོང་གིས་དེ་རིང་ང་ཚོར་ཆོས་ལུགས་མཐུན་སྒྲིལ་གྱི་གལ་འགངས་དང་རྒྱ་གར་ལ་གུས་བརྩི་ཆེན་པོ་ཡོད་པ། རྒྱ་གར་ནང་བཙན་བྱོལ་དུ་མི་ལོ་ལྔ་བཅུ་ལྷག་རིང་བཞུགས་པ།མགོན་པོ་གང་ཉིད་ཀྱིས་གུ་ཡངས་ཀྱི་དགོངས་པ་ཆེ་བཞེས་ཀྱིས་ཚན་རིག་པ་དང་འབྲེལ་བ་མཐུད་པ་སོགས། ང་ཚོ་ཕན་ཚུན་དབར་བཀའ་མོལ་ཧ་ཅང་དོ་གལ་ཆེན་པོ་བྱུང་སྟེ་བསྐལ་བ་བཟང་པོ་ལྡན་སོང་ཞེས་འགྲེལ་བརྗོད་གནང་གི་འདུག།ཡང་ཁོང་གིས་མགོན་པོ་གང་ཉིད་དགུང་ལོ་༨༩ལ་ཕེབས་ཡོད་ནའང་།མུ་མཐུད་སྐུ་ཚེ་ཞབས་པད་བརྟན་པའི་སྒོ་ནས་ང་ཚོ་མི་གང་མང་ལ་ཁོང་གི་ངོ་མཚར་ཆེ་བའི་ཤེས་རབ་དང་བྱམས་བརྩེ་ཁྱབ་སྤེལ་ཐུབ་རེ་ཡོད་པ་དང་། ང་ཚོ་མཇལ་ཁ་ཞུ་མཁན་ཚོས་ཀྱང་ཁོང་གི་དགོངས་པ་བཞེས་སྟངས་ལ་མོས་གུས་ཆེན་པོ་ཡོད་པར་ཞུས་ཡོད་ཅེས་འགྲེལ་བརྗོད་གནང་གི་འདུག

ངས་ཀྱང་མགོན་པོ་གང་ཉིད་ལ་ང་ཚོ་མཇལ་ཁ་ཞུ་མཁན་གྱི་རུ་ཁག་ནང་ཁ་ཆེའི་ཆོས་དད་པ་གཉིས་པ་དང་། ཧིན་རྡུའི་ཆོས་དད་གཉིས།ཡེ་ཤུའི་ཆོས་དད་པ་བཅས་ཡོད་པར་བརྟེན།ང་ཚོས་ཁོང་གི་དགོངས་པ་བཞེས་སྟངས་ཏེ་སྤྱི་ཚོགས་ནང་ཆོས་ལུགས་མཐུན་སྒྲིལ་དང་ཚང་མ་ལ་བྱམས་བརྩེས་སྐྱོང་དགོས་པར་མོས་གུས་ཤུགས་དྲག་གནང་གི་ཡོད་ཅེས་ཞུས་ཡོད་ཅེས་ཀྱང་ངོ་སྤྲོད་གནང་སོང་། རྒྱ་གར་གྱི་སྲིད་དོན་པ་དང་རྩོམ་པ་བོ་ཤཱ་ཤེ་ཏཱ་རོོར་ལགས་ནི།དངོས་ཡོད་དང་རྟོག་བཟོ་གཉིས་ཀའི་ནང་དོན་དང་ལྡན་པའི་རྩོམ་རིག་སྣ་ཚོགས་སྤེལ་བའི་ཤེས་ལྡན་མི་སྣ་ཞིག་ཡིན་པ་མ་ཟད། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ནང་ཕྱག་ལས་གནང་དང་། རྒྱ་གར་གྲོས་ཚོགས་ཀྱིའང་ཕྱི་དྲིལ་དང་འཕྲུལ་ལས་ཚོགས་ཆུང་གི་ཚོགས་གཙོ་སོགས་གནང་བའི་མུར། ད་ལྟ་རྒྱ་གར་ཀོང་རེ་སི་ཆབ་སྲིད་ཚོགས་པའི་ཚོགས་མི་དང་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་ཆགས་ཀྱི་ཡོད་པ་རེད།

གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། བསྟན་འཛིན་དོན་ཡོན། 

དྲ་ཐོག་སྤེལ་མཁན། བསྟན་འཛིན་དོན་ཡོན།  
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎