གསར་འགྱུར་ཡིག་ཚགས།
2025-02-28
འཛམ་གླིང་ཡོངས་ཀྱི་བོད་མིའི་ཚོགས་སྡེ་ཁག་གི་སྟོབས་ཤུགས་དང་རྒྱུན་གནས་བརྟན་པོར་ཐུབ་པར་དགའ་བསུ་དང་བཅས་ཨ་རིའི་ཕྱི་སྲིད་དྲུང་ཆེ་མརྐོ་རུ་སྦི་ཡོ་ཡིས་བོད་ཀྱི་ལོ་གསར་སྲུང་བརྩི་ཞུ་མཁན་ཡོངས་ལ་འཚམས་འདྲི་གནང་འདུག
2025-02-28
ཨ་རིའི་གཞུང་འཛིན་གསར་པའི་ངོས་ནས་བོད་དོན་རྒྱབ་སྐྱོར་གྱི་སྲིད་ཇུས་ལ་སྔར་བཞིན་འགྱུར་བ་མེད་པ་དང་ཨ་མི་རི་ཀས་རྒྱ་ནག་གཞུང་ལ་སྤྱི་ནོར་༧གོང་ས་ཏཱ་ལའི་བླ་མ་མཆོག་དང་ལྷན་གྲོས་མོལ་བསྐྱར་མཐུད་གནང་དགོས་པའི་སྐུལ་མ་གནང་ཡོད་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ལན་འདེབས་བསྐྱར་ནན་གནང་བྱུང་།
2025-02-28
ཕྱི་ལོ་ ༢༠༢༥ ཟླ་བ་ ༠༢ ཚེས་ ༢༨ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༢ :༥༡ ཐོག་བལ་ཡུལ་གྱི་རྒྱལ་ས་ཀ་ཐ་མན་གྲུ་ནས་རྒྱང་ཐང་ཀི་ལོ་མི་ཊར་ ༦༥ སར་ཆགས་པའི་བལ་བོད་ས་མཚམས་སིན་དུ་པལ་ཅོག་རྫོང་དུ་ས་ཡོམ་འགུལ་ཚད་ ༥.༥ བརྒྱབ་འདུག་ནའང་། ད་ལྟའི་ཆར་མི་སྐྱོན་དང་། རྒྱུ་ཟོག་ལ་གནོད་སྐྱོན་ཚབས་ཆེ་བྱུང་བའི་གནས་ཚུལ་ཐོན་མེད།
2025-02-28
བོད་རྒྱལ་ལོ་༢༡༥༢རབ་གནས་ཤིང་སྦྲུལ་ལོའི་ལོ་སར་ཚེས་པ་གཅིག་ཉིན་བཞུགས་སྒར་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཡང་སྟེང་དུ་འདོད་ཁམས་བདག་མོ་དཔལ་ལྡན་དམག་ཟོར་རྒྱལ་མོ་དང་བོད་སྐྱོང་ལྷ་སྲུང་རྣམས་ལ་དམིགས་པའི་ཚེས་གཏོར་དང་སྦྲགས་ལོ་སར་ཆོས་ཕྱོགས་ཀྱི་རྣམ་པའི་སྒོ་ནས་སྲུང་བརྩི་ཞུས་སོང་།
2025-02-27
ཁུ་སིམ་པོའི་འཐབ་རྩོད་ཀྱི་མེ་ལྕེ་ཞེས་པའི་བརྗོད་ཚིག་གི་ཐོག་ནས་བོད་ནང་རང་ལུས་མེར་སྲེག་གནང་མཁན་ཐོག་མ་དགེ་འདུན་པ་བཀྲ་བྷེ་ལགས་ལ་དྲན་གསོ་གནང་འདུག
2025-02-27
ཐའེ་ལནཌི་གཞུང་གིས་འཛིན་བཟུང་བྱས་པའི་ཡུ་གུར་བ་བཞི་བཅུ་ལྷག་རྒྱ་ནག་ལ་ཕྱིར་སློག་བཏང་བར་ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་མཆོག་གིས་སྐྱོན་བརྗོད་བྱས་འདུག
2025-02-27
ཐེ་ཝན་མཚོ་ཁའི་ཁུལ་དུ་རྒྱ་ནག་གིས་དམག་དོན་གྱི་བྱེད་སྒོ་མང་དུ་གཏོང་བཞིན་པའི་བྱ་སྤྱོད་ལ་ཐེ་ཝན་ཕྱོགས་ནས་སྐྱོན་བརྗོད་བྱས་པར་བརྟེན་རྒྱ་ནག་གཞུང་གིས་ཐེ་ཝན་མཚོ་ཁའི་ཁུལ་གྱི་དམག་སྦྱོང་དེ་འཆར་ཅན་གྱི་སྦྱོང་བརྡར་ཞིག་ཡིན་པ་གསལ་བཤད་བྱས་འདུག
2025-02-27
ཉེ་ལམ་བོད་དིང་རི་ཁུལ་དུ་རང་བྱུང་ས་ཡོམ་གྱི་གོད་ཆག་བྱུང་ནས་མི་རྒྱུ་ཟོག་གསུམ་ལ་གནོད་སྐྱོན་ཚབས་ཆེ་ཕོག་ཡོད་པར་བརྟེན་བོད་ནང་གི་བོད་མི་རྣམས་ནས་གདུང་སེམས་མཉམ་སྐྱེད་མཚོན་ཕྱིར་བཙན་བྱོལ་བོད་མི་ཚོས་ལོ་གསར་ལ་རྒྱས་སྤྲོས་གནང་རྒྱུ་མིན་པ་གསུང་གི་འདུག
2025-02-27
ཕྱི་ཚེས་ ༢༦ ནང་འདོན་སྤེལ་གནང་བའི་སྙན་མཐོའི་ནང་། བོད་ཀྱི་ཆབ་སྲིད་ཐོབ་ཐང་གི་གནས་བབ་དེ་ཨང་ཀི་ ༤༠ ནས་ཀླད་ཀོར་འོག་གི་ ༢ དང༌། སྤྱི་མང་གི་རང་དབང་གི་གནས་བབ་དེ་ཨང་ཀི་ ༦༠ ནས་ ༢ མ་གཏོགས་ཟིན་མེད་པར། སྤྱི་ཡོངས་ཀྱི་བོད་ནང་གི་རང་དབང་གནས་བབ་ཀྱི་ཨང་ཀི་ ༡༠༠ ནས་ཀླད་ཀོར་ཡིན་པ་གསལ་སྟོན་གནང་ཡོད་པ་དང་འབྲེལ་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཉམས་ཞིབ་པ་ཟླ་བ་བཀྲིས་ལགས་ཀྱིས་འདས་པའི་ལོ་འདིའི་ནང་སྔར་བཞིན་གཞིས་ལུས་རྒྱ་ཆེ་མི་མང་གི་གཞི་རྩའི་ཐོབ་ཐང་དང་སྤྱི་དམངས་ཀྱི་རང་དབང་ཐད་སྔར་བཞིན་དཀའ་ངལ་མུ་མཐུད་འཕྲད་བཞིན་ཡོད་པ་དང་། སྤྱིར་རྒྱ་ནག་གིས་ཕྱོགས་གཅིག་ནས་དཔལ་འབྱོར་ཐད་ཡར་རྒྱས་གཏོང་གི་ཡོད་ནའང་། ཆབ་སྲིད་ཐོག་ནས་སྤྱི་དམངས་ཀྱི་གཞི་རྩའི་ཐོབ་ཐང་དང་རང་དབང་ལ་རྡོག་རོལ་ཚབས་ཆེ་གཏོང་གི་ཡོད་པ་གསལ་སྟོན་གནང་སོང་།
2025-02-27
དགུན་ཁའི་གུང་སེང་རྫོགས་རྗེས་སློབ་ཐུན་གསར་པ་འགོ་ཚུགས་བཞིན་པའི་དུས་སུ་རྒྱ་ནག་གཞུང་གིས་མདོ་སྟོད་སྨད་ཀྱི་ས་ཁུལ་མང་པོའི་སློབ་གྲྭ་ཁག་ཏུ་ཆབ་སྲིད་དྲིལ་བསྒྲགས་དང་། རྒྱལ་གཅེས་སློབ་སྤེལ་བཞིན་ཡོད་པ་མ་ཟད། ནང་ཆོས་དང་བོད་ཡིག་སློབ་ཚན་ཡང་མེད་པ་བཟོ་ཐབས་རྩོམ་བཞིན་འདུག
2025-02-27
སངས་རྒྱས་ཀྱི་བསྟན་པ་རྒྱས་པ་དང་༸རྒྱལ་བ་ཡབ་སྲས་རྣམ་གཉིས་ཀྱི་དབུས་པའི་རིས་མེད་སྐྱེས་ཆེན་དམ་པ་སྐུ་ཚེ་ཞབས་པད་བརྟན་ཅིང་བོད་དོན་བདེན་མཐའ་མྱུར་དུ་བསལ་རྒྱུ་སོགས་ཀྱི་ཆེད་དུ་དམིགས་ཏེ་གདན་ས་བཀྲིས་ལྷུན་པོའི་དགུ་གཏོར་གར་འཆམ་བསྐྱོན་གནང་སོང་།
2025-02-26
ཨ་རིའི་རང་དབང་ཁང་པའི་ལོ་འཁོར་སྙན་ཐོ་གསར་ཤོས་ནང་འཛམ་གླིང་གི་ཡུལ་ལུང་ཁག་ནང་ནས་བོད་ནང་གི་རང་དབང་གནས་བབ་དེ་བརྒྱ་ཆ་བརྒྱ་ནས་ཀླད་ཀོར་ཡིན་པ་ཐེར་འདོན་གནང་འདུག
2025-02-26
མཉམ་འབྲེལ་རྒྱལ་ཚོགས་ཀྱིས་པེ་རིསི་ཡི་སྐད་ཡིག་གླེང་སྟེགས་སུ་ཡུ་གུར་མཁས་དབང་ཞིག་གི་གཏམ་བཤད་གློ་བུར་དུ་མེད་པར་བཟོས་འདུག་ལ་དོ་བདག་གིས་དེ་ནི་ཁོང་གིས་གླེང་སྟེགས་དེའི་ཐོག་རྒྱ་ནག་གི་སྐུ་ཚབ་ལ་དྲི་བ་བཏོན་པས་ཡིན་པར་བརྗོད་འདུག
2025-02-26
བལ་ཡུལ་གྱི་སློབ་ཕྲུག་ཚོགས་པ་ཞིག་གིས་རྒྱ་ནག་གཞུང་གིས་ང་ཚོར་མགོ་སྐོར་གཏོང་ཐུབ་ཀྱི་མ་རེད་ཅེས་པ་སོགས་ཀྱི་འབོད་ཚིག་འཁོད་པའི་འཕྲེད་དར་འཕྱར་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་བྱས་འདུག
2025-02-26
ཡོ་རོབ་སུད་སིའི་རྒྱལ་ས་བྷན་གཙུག་ལག་སློབ་ཆེན་དུ་བོད་ཀྱི་སྐད་ཡིག་རིག་གཞུང་གི་འཛིན་གྲྭ་མཚམས་འཇོག་བྱས་པར་བོད་རིག་པ་བ་དང་བོད་མིའི་སྤྱི་ཚོགས་ནས། དེ་ནི་བོད་ཀྱི་རྩ་དོན་ལ་གྱོང་གུན་ཞིག་ཏུ་ངོས་འཛིན་གྱིས་བློ་ཕམ་ཆེན་པོ་གནང་གི་ཡོད་པ།