ཨ་རིའི་ཕྱི་སྲིད་དྲུང་ཆེ་མརྐོ་རུ་སྦི་ཡོ་མཆོག་གིས་བོད་ཀྱི་ལོ་གསར་སྲུང་བརྩི་ཞུ་མཁན་ཡོངས་ལ་འཚམས་འདྲི་གནང་འདུག

ཨ་རིའི་ཕྱི་སྲིད་དྲུང་ཆེ་མརྐོ་རུ་སྦི་ཡོ་ (Marco Rubio) ཡིས་ཕྱི་ཟླ་ ༢ ཚེས་ ༢༨ ཉིན་ཡོངས་ཁྱབ་གསལ་བསྒྲགས་ཤིག་སྤེལ་བའི་ནང་། “ཤིང་སྦྲུལ་ལོའི་བོད་ཀྱི་ལོ་གསར་གྱི་ཉིན་དང་པོ་འདིར། ང་ཚོས་འཛམ་གླིང་ཡོངས་ཀྱི་བོད་མིའི་ཚོགས་སྡེ་ཁག་གི་སྟོབས་ཤུགས་དང་རྒྱུན་གནས་བརྟན་པོར་ཐུབ་པར་དགའ་སྟོན་སྲུང་བརྩི་ཞུ་གི་ཡོད། ཨ་མི་རི་ཀས་བོད་མི་ཚོའི་ཀུན་ཁྱབ་ཀྱི་འགན་འཁུར་དང་། བཙན་འཕྲོག་མི་ཐུབ་པའི་གཞི་རིམ་གྱི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ། བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་། སྐད་ཡིག་དང་ཆོས་ལུགས་ཀྱི་ཤུལ་བཞག་བཅས་གོང་སྤེལ་གཏོང་རྒྱུར་ཆོད་སེམས་བརྟན་པོ་འཛིན་བཞིན་ཡོད།
ངས་འཛམ་གླིང་ཡོངས་སུ་གནས་པའི་བོད་མི་ཚོར་དགའ་སྟོན་སྲུང་བརྩི་བྱེད་བཞིན་པའི་ལོ་གསར་པར་ཞི་བདེ་དང་བདེ་སྐྱིད་ཕུན་སུམ་ཚོགས་པ་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན། ལོ་གསར་ལ་བཀྲ་ཤིས་བདེ་ལེགས་ཞུ་ཞེས་བསྒྲགས་འདུག
གསར་འགོད་པ། བཀྲ་ཤིས་དབང་ཕྱུག
རྩོམ་སྒྲིག་པ། བསྟན་འཛིན་བདེ་སྐྱིད།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།