བལ་ཡུལ་ལྷོ་ཕྱོགས་ཀྱི་སློབ་ཕྲུག་ཚོགས་པ་ཞིག་གིས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་འདུག

2025.02.26
བལ་ཡུལ་ལྷོ་ཕྱོགས་ཀྱི་སློབ་ཕྲུག་ཚོགས་པ་ཞིག་གིས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་འདུག བལ་ཡུལ་ལྷོ་ཕྱོགས་ཀྱི་སློབ་ཕྲུག་ཚོགས་པ་ཞིག་གིས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་སྐབས། ༢༠༢༥།༢།༢༢
དྲྭ་བཤུས། /ratopati.com

དེ་ཡང་བལ་ཡུལ་གྱི་ལྷོ་ཕྱོགས་མཱ་དྷེ་ཤེ (Madhesh) མངའ་སྡེའི་ནང་གི་བལ་ཡུལ་རྒྱལ་ཡོངས་སློབ་ཕྲུག་ཚོགས་པའི་ཚོགས་མི་ཚོ་ (Laxmanawa Chowk) ཞེས་པའི་གཞུང་ལམ་གསུམ་མདོར་འདུ་འཛོམས་ཀྱིས། རྒྱ་ནག་གཞུང་གིས་ཟླ་བ་སྔོན་མའི་ནང་བལ་པོ་སློབ་ཕྲུག་ཚོར་རྐང་འཁོར་བགོ་འགྲེམས་བྱས་པ་ཁག་འདི་ཟླའི་ཚེས་༢༢ཉིན་མེར་བསྲེགས་བཏང་སྟེ། ད་ཆ་རྒྱ་ནག་གཞུང་གི་གཡོ་སྒྱུ་ཅན་གྱི་བྱེད་སྒོ་ཁག་ལ་ནུས་བ་ཐོན་གྱི་མེད་སྐོར་དང་། མཱ་དྷེ་ཤེ (Madhesh) ་མི་རིགས་ལ་གུས་བརྩི་དགོས། རྐང་འཁོར་རྙིང་པ་དང་། རྫུན་གཏམ་གསར་པ་བཤད་ནས་ད་ཆ་རྒྱ་ནག་གིས་ང་ཚོ་མགོ་སྐོར་གཏོང་ཐུབ་ཀྱི་མ་རེད་ཅེས་པ་སོགས་ཀྱི་འབོད་ཚིག་འཁོད་པའི་འཕྲེད་དར་འཕྱར་བ་དང་འབོད་ཚིག་སྒྲོག་བཞིན་རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་བྱས་འདུག
ད་དུང་གོང་ཞུས་སློབ་ཕྲུག་ཚོགས་པ་དེའི་ཚོགས་གཙོ་ (Binod Yadav) ལགས་ཀྱིས། མཱ་དྷེ་ཤེ(Madhesh) མི་རིགས་ཀྱི་སློབ་ཕྲུག་ཚོར་མཐོང་ཆུང་ཁྱད་གསོད་བྱ་རྒྱུའི་སླད་དུ་རྒྱ་ནག་གིས་ཁོང་ཚོར་རོགས་རམ་བྱེད་ཀྱི་ཡོད་ཚུལ་གྱིས་སྤུས་ཚད་ཞན་པའི་རྐང་འཁོར་ཁག་བཏང་ཡོད་སྐོར་དང་། མཱ་དྷེ་ཤེ(Madhesh) མི་མང་ལ་རོགས་སྐྱོར་གྱི་མིང་ཐོག་ནས་སྤུས་ཚད་ཞན་པའི་དངོས་ཟོག་སྤྲད་པ་ཁག་ཁས་ལེན་ཐབས་མེད་པ་དང་། གལ་ཏེ་རྒྱ་ནག་གིས་མཱ་དྷེ་ཤེ (Madheshi ་མི་མང་ལ་མུ་མཐུད་ནས་མཐོང་ཆུང་ཁྱད་གསོད་བྱས་ཚེ་དེར་ངོ་རྒོལ་ཤུགས་ཆེ་བྱ་རྒྱུ་ཡིན་ལུགས་གསུངས་འདུག
རྒྱ་ནག་གཞུང་གིས་དྲིལ་བསྒྲགས་ཤུགས་ཆེ་བྱེད་བཞིན་དུ་གོང་ཞུས་བལ་ཡུལ་གྱི་མངའ་སྡེའི་ནང་གི་བྷེ་གྷན་ཇི (Birgunj) གྲོང་ཁྱེར་ནང་ཡོད་པའི་ (ShriNarsingh) འབྲིང་རིམ་སློབ་གྲྭར་རྐང་འཁོར་༢༠༠༠་ཟླ་བ་སྔོན་མའི་ནང་ཞལ་འདེབས་ཕུལ་འདུག རྐང་འཁོར་དེ་དག་ཀྱང་རྒྱ་ནག་གི་ཐེབས་རྩ་ཞེས་པས་བལ་ཡུལ་ནང་རྒྱལ་སྤྱིའི་རྐང་འཁོར་ལ་
དགའ་པོ་ཡོད་ཅེས་པའི་ལས་འགུལ་སྤེལ་སྐབས་བགོ་འགྲེམས་བྱས་ཡོད་པ་ (ANI) སོགས་གསར་ལམ་ཁག་ཅིག་གིས་གནས་ཚུལ་སྤེལ་འདུག།


གསར་འགོད་པ། སེང་གེ་རི་བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎