རྒྱ་ནག་གཞུང་གིས་ཐེ་ཝན་མཚོ་ཁའི་དམག་སྦྱོང་དེ་འཆར་ཅན་གྱི་སྦྱོང་བརྡར་ཞིག་ཡིན་པ་གསལ་བཤད་བྱས་འདུག
དེ་ཡང་རྒྱ་ནག་གཞུང་གིས་ཐེ་ཝན་གྱི་མཚོ་ཁའི་ཁུལ་དུ་རྒྱ་ནག་གི་དམག་སྦྱོང་གི་བྱ་སྤྱོད་མང་དུ་འགྲོ་བཞིན་པའི་ཐད་སྐྱོན་བརྗོད་བྱས་པར་བརྟེན། ཕྱི་ཟླ་གཉིས་པའི་ཚེས་ ༢༧ ཉིན་རྒྱ་ནག་རྒྱལ་སྲུང་ལྷན་ཁང་གིས། ཐེ་ཝན་མཚོ་འགྲམ་ནས་དོགས་ཟོན་གྱི་དམག་སྦྱོང་དེ་ནི་རྒྱུན་ལྡན་ཡིན་པ་དང་། ཐེ་ཝན་ཕྱོགས་ནས་སྐྱོན་བརྗོད་བྱེད་རྒྱུ་མཚམས་འཇོག་དགོས་ཞེས་བཤད་ཡོད་ཅིང་། དེ་ནི་རྒྱ་ནག་གཞུང་གིས་མངའ་ཁོངས་བདག་དབང་ཡིན་པར་ངོས་འཛིན་བྱེད་པའི་དམངས་གཙོའི་ལམ་ནས་སྐྱོང་བཞིན་པའི་ཐེ་ཝན་གྱིས། ཕྱི་ཟླ་གཉིས་པའི་ཚེས་ ༢༦ རེས་གཟའ་ལྷག་པའི་ཉིན་རྒྱ་ནག་གི་དམག་དཔུང་གིས་ཐེ་ཝན་མཚོ་འགག་གི་ལྷོ་ནུབ་ཁུལ་དང་། གྲོང་ཁྱེར་ཀོ་ཤོན་ (Kaohsiung) ་དང་ཕེན་ཏུང་ (Pingtung) ་གྱི་གནད་འགག་ཆེ་བའི་ས་ཁུལ་གྱི་ཕྱི་རོལ་ཏུ་སྦྱོང་བརྡར་བྱེད་སའི་ས་ཁུལ་ཞིག་བཙུགས་ཡོད་པའི་སྐོར་གསུངས་ཡོད་པ་མ་ཟད། ཐེ་ཝན་གཞུང་གིས་རྒྱ་ནག་གཞུང་གི་བྱ་སྤྱོད་དེ་ནི་ཉེན་ཚབས་ཅན་དང་གཡོ་སྒྱུ་ཅན་ཞིག་ཡིན་པ་དང་། ཚོང་ལས་གནམ་གྲུ་དང་གྲུ་གཟིངས་ལ་འཇིགས་སྐུལ་བྱེད་པའི་བྱ་སྤྱོད་ཞིག་ཡིན་པའི་སྐྱོན་བརྗོད་བྱས་འདུག་ལ། གནས་ཚུལ་དེའི་སྐོར་སྔོན་ཚུད་ནས་བརྡ་གང་ཡང་བཏང་མེད་པའི་སྐོར་གསུངས་འདུག
པེ་ཅིང་ནང་ཚོགས་པའི་རྒྱུན་ལྡན་གསར་འགོད་ལྷན་ཚོགས་སྐབས་རྒྱ་ནག་རྒྱལ་སྲུང་ལྷན་ཁང་གི་མགྲིན་ཚབ་པ་ (Wu Qian) ་གྱིས། ཐེ་ཝན་ཕྱོགས་ནས་ཐེ་ཝན་གྱི་ཐོག་ལ་དོ་སྣང་ཐོབ་ཐབས་བྱེད་ཀྱི་ཡོད་པ་རེད་ཟེར་བ་དང་། ཡང་ཐེ་ཝན་གྱི་འབྲེལ་ཡོད་ཀྱིས་རྒྱ་ནག་མི་དམངས་བཅིངས་གྲོལ་དམག་གི་འཆར་ཅན་གྱི་དམག་སྦྱོང་སྐོར་ལ་འགྲེལ་བརྗོད་བྱས་པ་རྣམས་ཐེ་ཝན་གྱི་ཐོག་ལ་དོ་སྣང་སླེབས་ཐབས་ཡིན་པར་བརྟེན་ཐེ་ཝན་གྱི་ཕྱོགས་ནས་ཐེ་ཝན་ཐོག་ལ་དོ་སྣང་སླེབས་ཐབས་ཀྱི་གཡོ་སྒྱུ་འཁྲབ་རྒྱུ་མཚམས་འཇོག་བྱ་དགོས་ཚུལ་བཤད་འདུག།
གསར་འགོད་པ། གཡུ་སྒྲོན།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།