ཐེ་ཝན་གྱི་དམག་དཔུང་ནང་གི་དམག་མི་ཞིག་ལ་རྒྱ་ནག་གི་མི་སེར་ལག་འཁྱེར་ཡོད་པ་ཤེས་རྟོགས་བྱུང་ནས་ཞིབ་དཔྱོད་བྱེད་བཞིན་འདུག

2025.02.10
ཐེ་ཝན་གྱི་དམག་དཔུང་ནང་གི་དམག་མི་ཞིག་ལ་རྒྱ་ནག་གི་མི་སེར་ལག་འཁྱེར་ཡོད་པ་ཤེས་རྟོགས་བྱུང་ནས་ཞིབ་དཔྱོད་བྱེད་བཞིན་འདུག ཐེ་ཝན་རྒྱ་ནག་གི་མཚོ་དམག་སྐོར་གྱི་མཚོན་དོན་རི་མོ།
REUTERS/Illustration/File Photo

དེ་ཡང་ཐེ་ཝན་གྱི་མཚོ་དམག་དམག་གྲུ་༡༦༨པའི་དམག་དཔུང་ནང་གི་དམག་མི་ཞིག་ལ་རྒྱ་ནག་གི་མི་སེར་གྱི་ཐོབ་ཐང་ལག་འཁྱེར་ཡོད་པ་ཤེས་རྟོགས་བྱུང་ཡོད་པ་ཐེ་ཝན་གཞུང་གིས་གནས་ཚུལ་སྤེལ་ཡོད་པ་དང་། དོགས་གཞི་ཡོད་པ་རུས་མིང་ལ་ཡཱང་(杨)་ཟེར་བའི་དམག་མི་དེས། ཁོང་གི་ཨ་མའི་རོགས་རམ་འོག་སྒེར་གྱི་མིང་ཐོག་ནས་རྒྱ་ནག་མི་སེར་གྱི་ལག་འཁྱེར་ཞུས་ཡོད་པ་ཐེ་ཝན་གྱི་རང་དབང་དུས་བབ་ཀྱི་གནས་ཚུལ་ནང་གསལ་འདུག
ཐེ་ཝན་ཁྲིམས་འཛིན་ལྷན་ཁང་གི་ཞིབ་དཔྱོད་ཚན་པས་ཐེ་ཝན་དང་རྒྱ་ནག་སྐམ་ས་ཆེན་པོའི་མི་དམངས་བར་གྱི་འབྲེལ་བའི་ཁྲིམས་ལུགས་ལྟར་གྱོད་གཞི་དེའི་ཐད་ཞིབ་དཔྱོད་བྱེད་བཞིན་ཡོད་ལ་གནད་དོན་འདིའི་ཐད་རྒྱལ་ཡོངས་ཕྱི་མི་གནས་སྤོ་ལས་ཁུངས་ལ་གནས་ཚུལ་ཞིབ་བཤེར་བྱེད་དགོས་པའི་རེ་འདུན་བཏོན་ཡོད་པ་རེད།
ཐེ་ཝན་སྤྱི་འབངས་ཀྱིས་རྒྱ་ནག་གི་ཐོབ་ཐང་ལག་འཁྱེར་འཛིན་རྒྱུ་དེ་ཁྲིམས་འགལ་ཡིན་པ་མ་ཟད། རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཡང་ཉེན་ཁ་བཟོ་གི་ཡོད་ཅེས་གོང་ཞུས་ཚན་པ་དེས་བརྗོད་འདུག ཐེ་ཝན་ནང་རྒྱ་ནག་གི་ལག་འཁྱེར་ཡང་ན་ཁྱིམ་ཚང་གི་ཐོ་འགོད་ཡོད་པའི་མི་སེར་ཚོར་ནང་སྲིད་ལས་ཁུངས་ཀྱིས་ཞིབ་བཤེར་བྱེད་རྒྱུ་ཡིན་ཞེས་བརྗོད་འདུག
ཟླ་འདིའི་ཟླ་འགོར་ནང་སྲིད་བློན་ཆེན་ལིའུ་ཧྲི་ཧྥང་(Liu Shifang)་ཡིས། ད་ལྟ་རྒྱ་ནག་གི་ལག་འཁྱེར་འཛིན་མཁན་མི་༣༠ ལྷག་ལ་ཞིབ་བཤེར་བྱེད་བཞིན་ཡོད་ཅེས་བརྗོད་ཡོད། གལ་ཏེ་ཐེ་ཝན་གྱི་མི་སེར་ཞིག་གིས་རྒྱ་ནག་ནང་ཁྱིམ་ཚང་ཐོ་འགོད་བྱས་བ་འམ་ཡང་ན་རྒྱ་ནག་གི་ཕྱི་བསྐྱོད་ལག་ཁྱེར་བཟུང་ཡོད་པ་ཡིན་ན། ཁོང་ཚོའི་ཐེ་ཝན་གྱི་ཁྱིམ་ཐོ་ཁྲིམས་ལྟར་མེད་པར་གཏོང་རྒྱུ་རེད། དེའི་འབྲས་བུར་ཁོང་ཚོས་ཐེ་ཝན་ནང་འོས་ཤོག་འཕེན་པའི་ཐོབ་ཐང་དང་། རྒྱལ་ཡོངས་འཕྲོད་བསྟེན་འགན་སྲུང་ལྟ་བུའི་ཁེ་ཕན་སོགས་སྤྱི་དམངས་ཀྱི་ཐོབ་ཐང་ཤོར་རྒྱུ་ཡིན་པ་གནས་ཚུལ་ནང་འཁོད་འདུག


གསར་འགོད་པ། ཨ་སྒྲོན།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎