གསར་འགྱུར་ཡིག་ཚགས།
2008-05-17
རྒྱ་གར་གྱི་སྲིད་བློན་མཱན་མོ་ཧན་སིང་མཆོག་གིས་འབྲུག་གི་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་ཚང་འཛོམས་ལ་གསུང་བཤད་གནང་འདུག
2008-05-17
རྒྱ་ནག་གི་སྲིད་འཛིན་ནས་ས་ཡོམ་གྱི་གོད་ཆགས་ཕོག་སའི་རྒྱ་ནག་ལྷོ་ནུབ་ས་ཁུལ་དུ་གཏམ་བཤད་གནང་སྐབས་ས་ཡོམ་གྱི་འགུལ་ལྷག་ཆུང་ཆུང་ཞིག་རྒྱབ་ཡོད་པ་རེད།
2008-05-17
ཕྱི་རྒྱལ་ཡུལ་ཁག་གི་ཕྱི་འབྲེལ་གཞུང་ཚབ་མི་སྣ་༦༠ལྷག་གིས་ཉེ་ལམ་འབར་མའི་ནང་རླུང་འཚུབ་ཤུགས་ཆེ་བརྒྱབས་ཡུལ་ས་གནས་སུ་གཟིགས་སྐོར་གནང་འདུག
2008-05-16
བོད་མི་ཚོས་རྒྱ་ནག་ནང་ས་ཡོམ་གྱི་གོད་ཆགས་འོག་རྐྱེན་འདས་སུ་ཕྱིན་པའི་མི་དམངས་ཚོར་སྨོན་ལམ་གསོལ་འདེབས་ཀྱི་དམིགས་བསལ་གྱི་ཆོས་ཕྱོགས་བྱེད་སྒོ་ཞིག་གོ་སྒྲིག་གནང་འདུག
2008-05-16
བཙན་བྱོལ་བོད་གཞུང་གི་གྲོས་ཚོགས་ཚོགས་དུས་དྲུག་པ་རིང་མིན་ཕྱི་ཟླ་དགུ་པའི་ནང་ཚོགས་རྒྱུའི་གསལ་བསྒྲགས་གནང་ཡོད་པ་རེད།
2008-05-16
དེ་རིང་བལ་ཡུལ་རྒྱལ་སའི་ནང་བོད་མི་བརྒྱ་ཕྲག་འགའ་ཤས་འདུ་འཛོམས་ཀྱིས་སྐད་འབོད་བྱེད་པའི་སྐབས་བལ་པོའི་ཉེན་རྟོག་པས་བཀག་འགོག་བྱས་ཡོད་པ་རེད།
2008-05-16
རྒྱལ་དབང་ཀརྨ་པ་སྐུ་ཕྲེང་བཅུ་བདུན་པ་ཨུ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་གཟའ་པ་སངས་ཉིན་ཨ་རིའི་ནིའུ་ཡོག་ས་གནས་སུ་ཞབས་སོར་འཁོད་གནང་འདུག
2008-05-16
ཐེ་དབན་གྱི་རོགས་སྐྱོར་མི་སྣ་དང་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་གནམ་གྲུ་རྒྱ་ནག་གི་ས་ཡོམ་གནོད་འཚེ་ཕོག་ཡུལ་དུ་རོགས་སྐྱོར་ལས་དོན་སྤེལ་བར་འབྱོར་རྒྱུ་ཡིན་འདུག
2008-05-16
འབར་མའི་ནང་ཁོར་ཡུག་དང་འཐུང་ཆུ་གཙང་མ་མེད་པ་སོགས་ཀྱིས་རྐྱེན་པས་ཕྲུ་གུ་བརྒྱ་ཆ་༢༠ལ་ཚབས་ཆེའི་བཤལ་ནད་ཀྱི་དཀའ་ངལ་ཐོག་ལྷུང་ཡོད་པ་རེད།
2008-05-15
རྒྱ་ནག་གཞུང་ནས་དགག་ཆ་བྱེད་མིན་ལ་ལྟོས་མེད་འཇར་མན་གྱི་གྲོས་ཚོགས་འཐུས་མི་རྣམས་ནས་༸གོང་ས་མཆོག་མཇལ་འཕྲད་ཞུ་རྒྱུར་འགྱུར་བ་གཏོང་རྒྱུ་མིན་ལུགས་གསུངས་འདུག
2008-05-15
བཙན་བྱོལ་བོད་གཞུང་གི་ཐེ་ཝན་སྐུ་ཚབ་དོན་གཅོད་ཟུར་པ་ཚེ་རྒྱམ་ལགས་སུ་ཐེ་ཝན་ཕྱི་སྲིད་ལས་ཁུངས་འོད་ཟེར་གྱི་སྐར་རྟགས་ཞེས་པའི་ཕུལ་བྱུང་གི་བྱ་དགའ་གསོལ་སྩལ་གནང་འདུག
2008-05-15
༸གོང་ས་མཆོག་འཇར་མ་ནི་རུ་ཉིན་ལྔའི་རིང་མཛད་འཆར་སྐྱོངས་གནང་མཛད་རྒྱུའི་ཆེད་འཇར་མ་ནིའི་ཕཱེརེང་ཕཱ་ཊེ་གྲོང་ཁྱེར་གནམ་ཐང་དུ་ཞབས་སོར་གནང་ཡོད་འདུག
2008-05-15
བལ་ཡུལ་ནང་གི་རྒྱ་ནག་གཞུང་ཚབ་ཁང་ནས་བོད་མི་ཚོས་རྒྱ་ནག་ནང་བྱུང་བའི་གནོད་འཚེ་ཕོག་པའི་སྐབས་འདིར་ཡང་མུ་མཐུད་ནས་ངོ་རྒོལ་བྱེད་ཀྱི་ཡོད་པར་སྐྱོན་བརྗོད་བྱས་འདུག
2008-05-15
རྒྱ་ནག་ནང་རྐྱེན་ངན་འདྲ་མིན་འཕྲད་བཞིན་པ་དེ་སྐར་རྩིས་ཀྱི་ཐོག་ནས་རྒྱ་ནག་གི་འགོ་འཁྲིད་ཚོས་སྐྱེས་ཚེས་ཀྱི་ལོ་རྟགས་དང་ད་ལྟའི་ས་བྱི་ལོའི་དབར་མི་མཐུན་པའི་རྒྱུ་མཚན་ལ་བརྟེན་ནས་ཡིན་སྲིད་སྐོར།
2008-05-15
འབར་མའི་དྲག་པོའི་སྲིད་གཞུང་གིས་འོས་བསྡུ་བསྐོང་ཚོགས་བྱས་རྗེས་མང་ཚོགས་ནས་བཅའ་ཁྲིམས་གསར་པར་མོས་མཐུན་རྒྱ་ཆེ་བྱུང་ཡོད་ལུགས་གསལ་བསྒྲགས་བྱས་འདུག