རྒྱ་མིའི་སྲིད་འཛིན་ཕེབས་སྐབས་ས་ཡོམ་གྱི་འགུལ་ལྷག་རྒྱབ་ཡོད་པ།

རྒྱ་ནག་གི་སྲིད་འཛིན་ནས་ས་ཡོམ་གྱི་གོད་ཆགས་ཕོག་སའི་རྒྱ་ནག་ལྷོ་ནུབ་ས་ཁུལ་དུ་གཏམ་བཤད་གནང་སྐབས་ས་ཡོམ་གྱི་འགུལ་ལྷག་ཆུང་ཆུང་ཞིག་རྒྱབ་ཡོད་པ་རེད།

2008.05.17

༄༅༎ཁ་ས་རྒྱ་ནག་གི་སྲིད་འཛིན་ཧུ་ཅིང་ཏའོ་ས་ཡོམ་གྱི་གོད་ཆགས་ཕོག་སའི་རྒྱ་ནག་ལྷོ་ནུབ་ས་ཁུལ་དུ་གཟིགས་སྐོར་གནང་སྟེ། གནོད་འཚེ་ཕོག་པའི་མི་རྣམས་ལ་རོགས་རམ་བྱེད་མཁན་མྱུར་སྐྱོབ་རུ་ཁག་ཚོར་སེམས་ཤུགས་འཕར་ཐབས་ཀྱི་གཏམ་བཤད་གནང་སྐབས་ ཁུལ་དེར་ས་ཡོམ་གྱི་འགུལ་ལྷག་ཆུང་ཆུང་ཞིག་བརྒྱབས་ཡོད་པ་རེད། རྒྱ་ནག་གཞུང་འབྲེལ་ཤིན་ཧྭ་གསར་ལས་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། རེས་གཟའ་ཟླ་བའི་ཉིན་རྒྱ་ནག་ནང་རྒྱབ་པའི་ས་ཡོམ་གྱི་འབྱུང་ཁུངས་ལྟེ་གནས་ལྟེ་བ་འཁེལ་ས་ ཟི་ཁྲོན་ཞིང་ཆེན་གྱི་ཝེན་ཁྲོན་ས་གནས་ནང་སྲིད་འཛིན་ཧུ་ཅིང་ཏའོ་གཟིགས་སྐོར་གནང་སྐབས་འགུལ་ལྷག་ཆུང་ཆུང་ཞིག་རྒྱབ་ཡོད་པ་རེད། སྲིད་འཛིན་ཧུ་ཡིས་ས་ཡོམ་གྱི་གོད་ཆགས་ཕོག་མཁན་ཚོར་རོགས་སྐྱོར་བྱེད་མཁན་གྱི་ལས་མི་ཚོར་དཀའ་ངལ་ཆེ་སའི་ཐག་རིང་མཐའ་མཁོབ་གྲོང་གསེབ་ཁག་ཏུ་སྐྱོད་ཐབས་བྱ་དགོས་པའི་འབོད་སྐུལ་གནང་བ་དང་སྦྲགས། ལས་དོན་རུ་ཁག་ཚོར་ཟབ་ཟབ་བྱ་དགོས་རྒྱུ་དང་སོ་སོའི་གཟུགས་པོར་བདག་གཅེས་བྱ་དགོས་རྒྱུའི་དྲན་སྐུལ་ཡང་གནང་འདུག།

དེ་ནས་སྲིད་འཛིན་ཧུ་ཅིང་ཏའོས་ ས་ཡོམ་གྱི་གནོད་སྐྱོན་ཚབས་ཆེ་ཕོག་པའི་ ཧ་ཡང་བཟོ་གྲྭར་གཟིགས་སྐོར་གནང་སྟེ། འབྲེལ་ཡོད་ས་གནས་དཔོན་རིགས་ཚོར་ཁུལ་དེའི་ནང་གི་ཚོང་ལས་བསྐྱར་གསོ་ཐུབ་རྒྱུར་ཕན་ཐོགས་ཡོད་པའི་འཆར་གཞི་གཏིང་དགོས་རྒྱུའི་བཀའ་བཏང་གནང་འདུག རེས་གཟའ་ཟླ་བའི་ཉིན་རྒྱ་ནག་གི་ཟི་ཁྲོན་ཞིང་ཆེན་ནང་རྒྱབ་པའི་ས་ཡོམ་དེའི་ནང་ད་བར་འདས་གྲོངས་ཕྱིན་པའི་མིའི་གྲངས་འབོར་ཁྲི་ལྔ་ལྷག་ཟིན་ཡོད་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎