བོད་གཞུང་གི་གྲོས་ཚོགས་ཚོགས་དུས་དྲུག་པ་ཕྱི་ཟླ་དགུ་པར་ཚོགས་རྒྱུ།

བཙན་བྱོལ་བོད་གཞུང་གི་གྲོས་ཚོགས་ཚོགས་དུས་དྲུག་པ་རིང་མིན་ཕྱི་ཟླ་དགུ་པའི་ནང་ཚོགས་རྒྱུའི་གསལ་བསྒྲགས་གནང་ཡོད་པ་རེད།

2008.05.16

༄༅༎བཙན་བྱོལ་བོད་གཞུང་གི་གྲོས་ཚོགས་ཚོགས་དུས་དྲུག་པ་རིང་མིན་ཕྱི་ཟླ་དགུ་པའི་ཚེས་༨ ནས་༡༦ བར་ཉིན་གྲངས་དགུའི་རིང་ཚོགས་རྒྱུའི་གསལ་བསྒྲགས་གནང་ཡོད་པ་རེད།

ཟླ་བ་འདིའི་ཕྱི་ཚེས༡༤ ཉིན་གྲོས་ཚོགས་ཀྱི་དྲུང་ཆེ་མཆོག་གིས་གྲོས་ཚོགས་ཚོགས་དུས་དྲུག་པ་སྐོང་ཚོགས་གནང་རྒྱུའི་གསལ་བསྒྲགས་སྤེལ་བ་བཞིན་གྲོས་ཚོགས་ཀྱི་འཐུས་མི་རྣམས་ཕྱི་ཟླ་དགུ་པའི་ཚེས་༧ ཉིན་བཞུགས་སྒར་དུ་འབྱོར་ཟིན་པ་དགོས་ཀྱི་ཡོད་པ་རེད།

བཙན་བྱོལ་བོད་གཞུང་གི་གྲོས་ཚོགས་ལོ་རེར་ཚོགས་དུས་གཉིས་སྐོང་ཚོགས་གནང་གི་ཡོད་པ་དང། བཙན་བྱོལ་གཞུང་གི་འཛིན་སྐྱོང་གི་ལོ་རེའི་སྔོན་རྩིས་འཆར་གཞི་གཏན་འབེབས་གནང་ཕྱོགས་སྐོར་གྱི་འདི་ལོའི་གྲོས་ཚོགས་ཚོགས་དུས་དེ་བཞིན་ཁ་སྔོན་ཕྱི་ཟླ་གསུམ་པའི་སྐོང་ཚོགས་གནང་ཡོད་པ་རེད། བཙན་བྱོལ་བོད་གཞུང་གི་གྲོས་ཚོགས་ནང་འཐུས་མི་༤༣ ཡོད་པ་དང་འཐུས་མིའི་ལོ་དུས་ལོ་ལྔ་ཡིན་ཞིང། ལོ་ལྔ་རེའི་དུས་ཡུན་དེ་རྫོགས་པའི་རྗེས་བསྐྱར་ཏུ་འོས་བསྡུ་བྱ་གི་ཡོད་པ་རེད། འཐུས་མི་རྣམས་བོད་ཀྱི་མདོ་སྟོད་སྨད་གཉིས་དང་དབུས་གཙང་བཅས་བོད་ཆོལ་ཁ་གསུམ་གྱི་འཐུས་མི་དང་དགེ་ལུགས་ རྙིང་མ་ ས་སྐྱ་  བཀའ་བརྒྱུད་ གཡུ་དྲུང་བོན་བཅས་ཀྱི་ཆོས་རྒྱུད་ཁག་གི་འཐུས་མི་གཉིས་རེ་འོས་འདེམས་བྱ་སྲོལ་ཡོད་པ་དང། དེ་བཞིན་ནུབ་ཕྱོགས་རྒྱལ་ཁབ་ནང་ཡོད་པའི་བཙན་བྱོལ་བོད་མིའི་ཁྲོད་ནས་འཐུས་མི་གསུམ་འོས་འདེམས་བྱ་གི་ཡོད་པ་ནི་ཡོ་རོབ་ཁུལ་འཐུས་མི་གཉིས་དང་བྱང་ཨ་མི་རི་ཀའི་ཁུལ་ནས་གཅིག་འོས་འདེམས་བྱ་སྲོལ་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎