མཆོག་གསུམ་རྒྱལ་བ་རྒྱ་མཚོར་གསོལ་འདེབས་སྨོན་ལམ་ཞུས་པ།

བོད་མི་ཚོས་རྒྱ་ནག་ནང་ས་ཡོམ་གྱི་གོད་ཆགས་འོག་རྐྱེན་འདས་སུ་ཕྱིན་པའི་མི་དམངས་ཚོར་སྨོན་ལམ་གསོལ་འདེབས་ཀྱི་དམིགས་བསལ་གྱི་ཆོས་ཕྱོགས་བྱེད་སྒོ་ཞིག་གོ་སྒྲིག་གནང་འདུག

2008.05.16

༄༅༎བཙན་བྱོལ་བོད་གཞུང་གི་ཆོས་དང་རིག་གཞུང་ལྷན་ཁང་གིས་ཉེ་ཆར་ཕྱི་ཚེས་༡༢ ཉིན་རྒྱ་ནག་གི་ལྷོ་ནུབ་ཟི་ཁྲོན་ཞིང་ཆེན་ནང་ས་ཡོམ་གྱི་གོད་ཆགས་འོག་རྐྱེན་འདས་སུ་ཕྱིན་པའི་མི་དམངས་ཚོར་སྨོན་ལམ་གསོལ་འདེབས་ཀྱི་དམིགས་བསལ་གྱི་ཆོས་ཕྱོགས་བྱེད་སྒོ་ཞིག་གོ་སྒྲིག་གནང་ཡོད་པ་རེད།

དེ་ཡང་ཟླ་བ་འདིའི་ཕྱི་ཚེས་༡༤ ཉིན་བཞུགས་སྒར་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྐུ་བཅར་རྣམ་རྒྱལ་གྲ་ཚང་གི་དགེ་འདུན་པས་དབུ་ཁྲིད་པའི་མཆོག་གསུམ་ལ་གསོལ་འདེབས་ཀྱི་དམིགས་བསལ་གྱི་ཆོས་ཕྱོགས་ཀྱི་འདུ་འཛོམས་ཆེན་པོ་ཞིག་གནང་ཡོད་ཅིང། བཙན་བྱོལ་བོད་གཞུང་གི་ཆོས་རིག་དྲུང་ཆེ་ཚེ་རིང་དོན་འགྲུབ་ལགས་ཀྱིས་ད་རེས་ཀྱི་དམིགས་བསལ་སྨོན་ལམ་གསོལ་འདེབས་ཀྱི་ཆོས་ཕྱོགས་ཀྱི་བྱེད་སྒོ་དེ་ནི་ཉེ་ཆར་རྒྱ་ནག་ནང་རང་འབྱུང་གི་གནོད་འཚེ་ཚབས་ཆེ་དེའི་འོག་རྐྱེན་འདས་སུ་ཕྱིན་པའི་རྒྱ་མི་རིགས་རྣམས་ཕྲལ་ཡུལ་ཀུན་དུ་དགེ་བའི་ཐུགས་སྨོན་སྐྱབས་འཇུག་ཡོང་བའི་ཆེད་དུ་དམིགས་པ་དང། ལྷག་པར་དུ་བཙན་བྱོལ་བོད་གཞུང་གིས་རང་འབྱུང་གི་གནོད་འཚེའི་ནང་ཚེ་སྲོག་ཤོར་བའི་མི་དམངས་དང་ཁོང་ཚོའི་ནང་མི་ཚོར་ཐུགས་གསོའི་འཚམས་འཕྲིན་གནང་ཡོད་པའི་སྐོར་གསུང་ཡོད་པ་རེད། བོད་མིའི་དབུ་ཁྲིད་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བཙན་བྱོལ་བོད་གཞུང་བཀའ་ཤག་གིས་རྒྱ་ནག་ནང་ས་ཡོམ་གྱི་རང་འབྱུང་གནོད་འཚེའི་འོག་གོད་ཆགས་ཚབས་ཆེ་ཕོག་པར་དེར་ཧ་ཅང་གི་ཐུགས་ཕམ་ཚད་མེད་དང་གདུང་སེམས་མཉམ་སྐྱེད་ཀྱི་ཐུགས་སྨོན་རྒྱ་ཆེ་གནང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎