༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དད་ལྡན་པ་ ༣༠༠ ལྷག་ལ་མང་མཇལ་སྩལ་བ།

2025.04.26
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དད་ལྡན་པ་ ༣༠༠ ལྷག་ལ་མང་མཇལ་སྩལ་བ། མཇལ་བཅར་བ་རྣམས་མཇལ་ཁ་གྲུབ་མཚམས། ༢༠༢༥།༠༤།༢༦ ཉིན།
Tenzin Woser/RFA

ཟླ་ ༤ ཚེས་ ༢༦ རེས་གཟའ་སྤེན་པའི་ཉིན་གྱི་སྔ་དྲོར་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་རྒྱ་བལ་འབྲུག་གསུམ་གཙོས་པའི་ཕྱི་རྒྱལ་ཡུལ་གྲུ་གང་ས་ནས་ཕེབས་པའི་མཇལ་བཅར་བ་༣༠༠ཞིག་ལ་མཇལ་ཁ་སྩལ་གནང་མཛད་ཡོད་པ་དང་།  མཇལ་ཁ་གྲུབ་མཚམས་འདི་ག་གསར་འགོད་པས་སྦིར་བོད་ཚོགས་ཀྱི་ཚོགས་གཙོ་བསྟན་འཛིན་རྣམ་རྒྱལ་ལགས་ཀྱིས། ཐེངས་འདིར་ཁོང་དང་དེ་སྔ་ལོ་མང་ནས་བོད་པའི་སྤྱི་ཚོགས་ཁྲོད་གཞིས་ཆགས་དང་སློབ་གྲྭ དེ་བཞིན་དགོན་སྡེ་ཁག་ལ་རོགས་སྐྱོར་གནང་མཁན་ཨི་ཁྲ་ལི་ (Italy) ནས་ཡིན་པའི་སི་ཏ་རི་ཡ་རོགས་ཚོགས་ཀྱི་ཚོགས་མི་ ༡༠ ལ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཐོབ་པར། ཚོགས་མི་ཆ་ཚང་དགའ་ཚོར་ཆེན་པོ་བྱུང་ཡོད་སྐོར་འགྲེལ་བརྗོད་གནང་གི་འདུག

མ་ཟད་ཐེངས་འདིར་འབྲུག་ཡུལ་ནས་ཆེད་དུ་སྤྱི་ནོང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁར་བཅར་མཁན་དད་ལྡན་ཆོས་ཞུ་བ་མང་དག་ཅིག་ཡོད་པའི་ཁྲོད། སྟོབས་རྒྱས་ལགས་ཀྱིས། ད་ལྟའི་ཆར་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བགྲེས་པོར་ཕེབས་པར་སོང་། ཁོང་ནས་ཚེ་འདིར་མགོན་པོ་མཆོག་གི་ཞལ་མཇལ་ཐེངས་གཅིག་ཐོབ་རྒྱུའི་རེ་སྒུག་བྱས་པ་བཞིན་དེ་རིང་དངོས་སུ་མཇལ་ཁ་ཐོབ་པར་བླིན་རླབས་ཆེན་པོ་བྱུང་སྐོར་འགྲེལ་བརྗོད་དང་སྦྲགས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནི་འཛམ་གླིང་ཞི་བདེའི་དེད་དཔོན་ཡིན་ཞིང་། མགོན་པོ་གང་ཉིད་ཀྱིས་དུས་རྟག་ཏུ་ལམ་སྟོན་བཀའ་སློབ་མཛད་པ་རྣམས་ཀྱིས་ཁོང་གི་མི་ཚེར་ཕན་རླབས་ཆེན་པོ་བྱུང་སྐོར་འདི་ག་རླུང་འཕྲིན་ཁང་ལ་གསུངས་བྱུང་།

0ecf4504-6e5f-4a8c-8db0-4a00a1288aa2.jpeg
མཇལ་བཅར་བ་རྣམས་མཇལ་ཁ་གྲུབ་མཚམས། ༢༠༢༥།༠༤།༢༦ ཉིན།

ཡང་ཨ་རུ་ན་ཅལ་འབུམ་སྡེ་ལ་ནས་ཡིན་པའི་སྐལ་བཟང་ཚེ་རིང་ལགས་ཀྱིས། ཐེངས་འདིར་མགོན་པོ་མཆོག་གི་ཕོ་བྲང་དུ་མཇལ་ཁ་དངོས་སུ་ཞུ་རྒྱུ་བྱུང་བ་ནི་ཁོང་གི་མི་ཚེའི་ནང་གི་རྨི་ལམ་དེ་དངོས་སུ་གྲུབ་པ་དང་། འདོད་བློ་ཚིམས་ཤིང་བྱིན་རླབས་ཆེན་པོ་བྱུང་སྐོར་འགྲེལ་བརྗོད་དང་སྦྲགས། ཁོང་གིས་དུས་རྒྱུན་མགོན་པོ་མཆོག་གི་གསུང་ཆོས་ཉམས་ལེན་བྱས་པའི་བརྒྱུད་སེམས་ལ་ཞི་བདེ་དང་མི་ཚེའི་ནང་མདུན་སྐྱོད་བྱེད་པར་སེམས་ཤུགས་འཕར་མ་བསྐྲུན་སོང་ཞེས་གསུངས་བྱུང་།

གཞི་རྩའི་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྐུ་ངལ་འཛེམས་མེད་ཀྱིས། བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་བདུན་ཕྲག་རེའི་ནང་ཉིན་ལྔའི་རིང་འཛམ་གླིང་ཡུལ་གྲུ་གང་ས་ནས་ཕེབས་པའི་དད་ལྡན་པ་བརྒྱ་ཕྲག་དུ་མར་ཆད་མེད་དུ་མཇལ་ཁ་དང་བཀའ་སློབ་སོགས་སྩལ་གྱི་ཡོད་པ་རེད།

གསར་འགོད་པ། བདེ་ཆེན་དབང་མོ།

རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།




བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎