རྒྱ་མིའི་གཞུབ་ཚབ་ནས་བོད་མི་ཚོས་ངོ་རྒོལ་བྱེད་པར་སྐྱོན་བརྗོད།

བལ་ཡུལ་ནང་གི་རྒྱ་ནག་གཞུང་ཚབ་ཁང་ནས་བོད་མི་ཚོས་རྒྱ་ནག་ནང་བྱུང་བའི་གནོད་འཚེ་ཕོག་པའི་སྐབས་འདིར་ཡང་མུ་མཐུད་ནས་ངོ་རྒོལ་བྱེད་ཀྱི་ཡོད་པར་སྐྱོན་བརྗོད་བྱས་འདུག

2008.05.15

༄༅༎བལ་ཡུལ་ནང་གི་རྒྱ་ནག་གཞུང་ཚབ་ཁང་ནས། བོད་མི་ཚོས་རྒྱ་ནག་ནང་བྱུང་བའི་གནོད་འཚེ་ཕོག་པའི་སྐབས་འདིར་ཡང་མུ་མཐུད་ནས་ངོ་རྒོལ་བྱེད་ཀྱི་ཡོད་པར་སྐྱོན་བརྗོད་བྱས་འདུག།

དེ་ཡང་བལ་ཡུལ་ནང་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་ནས། ཁ་ས་ཚེས་བཅུ་བཞི་ཉིན་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཡོད་དེའི་ནང༌། ཉེ་ཆར་རྒྱ་ནག་ནང་ས་ཡོམ་ཤུགས་ཆེ་རྒྱབ་ནས་མི་རྒྱུ་གཉིས་ལ་དོ་ཕོག་ཆེན་པོ་ཐེབས་པའི་སྐབས་འདིར་བལ་ཡུལ་གཞུང་དང་། མི་མང་གཉིས་ཀའི་ངོས་ནས་ཐུགས་གསོའི་འཚམས་འཕྲིན་དང་རྒྱབ་སྐྱོར་གནང་གི་ཡོད་པ་རེད། འོན་ཀྱང་དེ་ལས་བཟློག་ཏེ་བོད་རིགས་རྣམས་རྒྱ་ཁོངས་ཡིན་བཞིན་དུ་སོ་སོའི་རྒྱལ་ཁབ་ནང་རྐྱེན་ངན་བྱུང་བར་གདུང་སེམས་མཉམ་སྐྱེད་དང་། མྱ་ངན་བྱེད་རྒྱུའི་ཚབ་ཏུ་ངོ་རྒོལ་གྱི་ལས་འགུལ་བསྟུད་མར་སྤེལ་བཞིན་པ་འདི་ནི་གཞུང་ཚབ་ལས་བྱེད་ཚོའི་ལས་ཀའི་ཐོག་དོ་ཕོག་ཧ་ཅང་ཆེན་པོ་ཐེབས་ཀྱི་འདུག་ཅེས་སྐྱོན་བརྗོད་ཤུགས་ཆེ་བྱས་ཡོད་པ་རེད།

དེ་དང་ཕྱོགས་མཚུངས་གསར་འགོད་གསལ་བསྒྲགས་དེའི་ནང་། རྒྱལ་སྤྱིའི་ཚོགས་པ་ཁག་ནས་ཀྱང་བོད་མི་ཚོའི་མི་སྤྱོད་ལས་འདས་པའི་བྱ་ སྤྱོད་དེར་མུ་མཐུད་ནས་རྒྱབ་སྐྱོར་བྱེད་ཀྱི་ཡོད་པར་ཡང་སྐྱོན་བརྗོད་ཞུས་ཡོད་པ་རེད།

འདས་པའི་ཟླ་བ་གཉིས་ཙམ་གོང་ནས་བོད་ནང་དོན་རྐྱེན་བྱུང་བ་ནས་བཟུང་བལ་ཡུལ་ནང་གནས་སྡོད་བོད་མི་ཚོས་རྒྱ་ནག་གཞུང་ཚབ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་སོགས་ཀྱི་མདུན་ངོ་རྒོལ་གྱི་ལས་འགུལ་མུ་མཐུད་སྤེལ་དང་སྤེལ་བཞིན་ཡོད་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎