༸གོང་ས་མཆོག་འཇར་མ་ནི་དུ་ཞབས་སོར་འཁོད་གནང་འདུག

༸གོང་ས་མཆོག་འཇར་མ་ནི་རུ་ཉིན་ལྔའི་རིང་མཛད་འཆར་སྐྱོངས་གནང་མཛད་རྒྱུའི་ཆེད་འཇར་མ་ནིའི་ཕཱེརེང་ཕཱ་ཊེ་གྲོང་ཁྱེར་གནམ་ཐང་དུ་ཞབས་སོར་གནང་ཡོད་འདུག

2008.05.15

༄༅༎བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་འཇར་མ་ནི་རུ་ཉིན་ལྔའི་རིང་མཛད་འཆར་སྐྱོངས་གནང་མཛད་རྒྱུའི་ཆེད་ཁ་ས་རེས་གཟའ་ཕུར་བུའི་ཉིན་འཇར་མ་ནིའི་ཕཱེརེང་ཕཱ་ཊེ་གྲོང་ཁྱེར་གནམ་ཐང་དུ་ཞབས་སོར་གནང་ཡོད་པའི་གནས་ཚུལ་ཐོན་འདུག་༎

ཐེངས་འདིའི་༸གོང་ས་མཆོག་གི་ཆིབས་བསྒྱུར་གྱི་མཛད་འཆར་ནང་གཙོ་བོ་འཇར་མན་མང་ཚོགས་ལ་བཀའ་སློབ་གསུང་བཤད་གནང་རྒྱུ་ཡིན་ཞིང་ དེ་ཡང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ འཇར་མ་ནིའི་ ནེ་རེམ་སྦག་དང་ སྦམ་སྦག། སྦོ་ཆམ། མཱོཨེན་ཆེང་ལེརྡེ་སྦག་ཅེས་པའི་གྲོང་ཁྱེར་རུ་མང་ཚོགས་ལ་གསུང་བཤད་དང་དེ་ནས་བདུན་ཕྲག་རྗེས་མའི་རེས་གཟའ་ཟླ་བའི་ཉིན་ འཇར་མ་ནིའི་རྒྱལ་ས་སྦར་ལིན་གྱི་སྦེརེན་ཌེན་སྦག་ཞེས་པའི་སྙན་གྲགས་ཅན་གྱི་རྒྱལ་སྒོ་ཆེན་མོའི་མདུན་ཐང་དུ་བཀའ་སློབ་གསུང་བཤད་མཐའ་མ་དེ་གནང་རྒྱུ་ཡིན་པ་རེད་ སྔ་ལོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་འཇར་མན་དུ་ཆིབས་བསྒྱུར་གནང་སྐབས་ འཇར་མ་ནིའི་སྲིད་བློན་ཨེན་གེ་ལ་མཱར་ཀེལ་མཆོག་ནས་སྲིད་བློན་ལས་ཁུངས་ནང་༸གོང་ས་མཆོག་དང་གཞུང་འབྲེལ་གྱི་མཇལ་འཕྲད་གནང་སྟེ་རྒྱ་ནག་གཞུང་གིས་དགག་པ་སྐྱོན་བརྗོད་ཤུགས་ཆེ་བྱས་ཡོད་པ་རེད་ ཐེངས་འདིའི་ཆིབས་བསྒྱུར་གྱི་མཛད་རིམ་ནང་ ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་འཇར་མ་ནིའི་སྲིད་བློན་རྣམ་གཉིས་དབར་མཇལ་འཕྲད་གནང་འཆར་མེད་ནའང་ དེ་རིང་རེས་གཟའ་ཕུར་བུའི་ཉིན་འཇར་མ་ནིའི་ཧེསེ་དང་ནོཐེ་རའེན་ཝེསི་ཕཱ་ལི་ཡ་མངའ་སྡེ་གཉིས་ཀྱི་སྲིད་སྐྱོང་བ་ རཱོ་ལེན་ཀོག དང་ ཧོར་གེན་རོཊེ་གར་སེ་ རྣམ་གཉིས་ནས་༸གོང་ས་མཆོག་གི་ལྷན་དུ་མཇལ་འཕྲད་གནང་རྒྱུ་མ་ཟད་ འཇར་མ་ནི་གྲོས་ཚོགས་ཀྱི་ཚོགས་གཙོ་མཆོག་ནས་ཀྱང་༸གོང་ས་མཆོག་གི་ལྷན་དུ་མཇལ་འཕྲད་གནང་རྒྱུ་ཡིན་པ་རེད་ འཇར་མ་ནི་གསར་ཤོག་ནས་སྲིད་བློན་ཨེན་གེ་ལ་མཱར་ཀེལ་ཡིས་དབུ་འཁྲིད་གནང་པའི་གཞུང་ཕྱོགས་ནས་ ད་རེས་༸གོང་ས་ཏཱ་ལའི་བླ་མ་མཆོག་འཇར་མན་ནང་ཆིབས་བསྒྱུར་གྱི་མཛད་འཆར་སྐབས་ གཞུང་འབྲེལ་གྱི་མཇལ་འཕྲད་གཡོལ་ཐབས་བྱེད་ཀྱི་ཡོད་པའི་སྐྱོན་བརྗོད་བྱེད་བཞིན་ཡོན་ནའང་ སྲིད་བློན་མཆོག་གི་མགྲིན་ཚབ་པ་ ཐོ་མ་སེ་སིཀྲེག་གིས་ འཇར་མན་སྲིད་གཞུང་ནས་རྒྱ་ནག་ལ་བཟོད་བསྲན་བྱས་སྟེ་ ཏཱ་ལའི་བླ་མ་མཆོག་དང་མཇལ་འཕྲད་གཡོལ་ཐབས་བྱེད་པའི་གནས་ཚུལ་དངོས་བདེན་མིན་པ་མ་ཟད་ རེས་གཟའ་ཟླ་བའི་ཉིན་འཇར་མན་གྱི་འཛུག་བསྐྲུན་བློན་ཆེན་ནས་༸གོང་ས་ཏཱ་ལའི་བླ་མ་མཆོག་གི་ལྷན་དུ་མཇལ་འཕྲད་ཞུ་གི་ཡོད་པའི་འགྲེལ་བརྗོད་གནང་འདུག ཟླ་བ་གཉིས་ཙམ་སྔོན་བོད་ནང་ཞི་རྒོལ་གྱི་ལས་འགུལ་རྒྱ་ཁྱབ་བྱུང་བ་དང་དེར་རྒྱ་ནག་གཞུང་གི་དྲག་གནོན་བྱས་པའི་གནས་ཚུལ་ཡོངས་གྲགས་གྱུར་རྗེས་ ༸གོང་ས་མཆོག་འཇར་མན་དུ་ཆིབས་བསྒྱུར་ཐོག་མ་དེ་ཡིན་ཞིང་ ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཁ་ས་ཕཱེརེང་ཕཱ་ཊེ་གནམ་ཐང་དུ་ཞབས་སོར་འཁོད་སྐབས་ ད་རེས་བོད་ནང་བོད་མིའི་ཞི་རྒོལ་གྱི་ལས་འགུལ་ཁྲོད་རྒྱ་ནག་གི་ཆབ་སྲིད་དབང་འཛིན་པ་ཚོས་དེ་སྔ་ནང་བཞིན་དྲག་གནོན་གྱི་སྲིད་ཇུས་ལག་བསྟར་བྱས་པ་དེ་ནི་བློ་ཕམ་གྱི་གནས་ཚུལ་ཞིག་དང་ ༸གོང་ས་མཆོག་སྐུ་ངོས་ནས་བོད་ལ་དོན་དམ་གྱི་རང་སྐྱོངས་ཀྱི་གནས་བབ་འོག་རྒྱ་ནག་དང་འཆམ་མཐུན་མཉམ་གནས་ཀྱི་དགོངས་གཞི་ཡོད་པ་ནན་བརྗོད་གནང་འདུག་༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎