གསར་འགྱུར་ཡིག་ཚགས།
2022-12-22
རྒྱ་ནག་ནང་འདས་པའི་ཉིན་མ་ཉི་ཤུའི་ནང་མི་གྲངས་ས་ཡ་ ༢༤༨ (དུང་ཕྱུར་གཉིས་དང་བྱེ་བ་བཞི་ས་ཡ་བརྒྱད་ལ) ལྷག་ལ་ཏོག་དབྱིབས་འགོས་ནད་ཕོག་ཡོད་པ་རྒྱ་ནག་གཞུང་གི་འཕྲོད་བསྟེན་བདེ་ཐང་ལྷན་ཁང་གིས་གནད་བྲིས་ཟིན་ཐོའི་ནང་བཀོད་འདུག
2022-12-22
རྒྱ་ནག་གཞུང་གིས་ཚེ་བཙོན་གྱི་ཁྲིམས་ཐག་བཅད་པ་བོད་ཀྱི་ཚོང་པ་གྲགས་ཅན་རྡོ་རྗེ་བཀྲ་ཤིས་ལགས་ཀྱི་གཅེན་མོ་མགོན་པོ་སྐྱིད་ལགས་ཀྱིས་ཕྱི་ཟླ་༡༢ཚེས་༡༩ཉིན་བོད་ཀྱི་རྒྱལ་ས་ལྷ་སར་ཡོད་པའི་བོད་རང་སྐྱོང་ལྗོངས་་ཁྲིམས་ཁང་ཞིག་གི་མདུན་ངོ་རྒོལ་གྱི་ལས་འགུལ་སྤེལ་འདུག
2022-12-22
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གི་རྒྱལ་ས་ལྡི་ལིའི་ཁུལ་གྱི་མཛད་འཆར་ལེགས་པར་གྲུབ་རྗེས་ཕྱི་ཟླ་ ༡༢ ཚེས་ ༢༢ ཉིན་གནས་མཆོག་རྡོ་རྗེ་གདན་དུ་ཞབས་སོར་བདེ་བར་འཁོད་པ།
2022-12-22
རྒྱ་གར་གྱིས་རྒྱ་ནག་ཐོག་འཛིན་པའི་ཐབས་ཇུས་ཀྱི་སྲིད་ཇུས་དུས་དང་བསྟུན་འགྱུར་བ་གཏོང་རྒྱུ་གལ་ཆེ་བའི་སྐོར་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས་གསུངས་བ།
2022-12-22
ཨོ་གླིང་གི་ཕྱི་སྲིད་བློན་ཆེན་ནས་ཤིན་ཇང་དང་བོད། ཧོང་ཀོང་སོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་རྒྱ་ནག་གཞུང་གིས་བརྩི་བཀུར་བྱེད་དགོས་པ་དང་། དེ་ལ་མུ་མཐུད་ལྟ་ཞིབ་བྱེད་པ་སོགས་ནི་ཨོ་སི་ཁྲི་ར་ལི་ཡ་གཞུང་གི་རྩ་དོན་གཙོ་བོར་བརྩིས་ཏེ་རྒྱབ་སྐྱོར་མུ་མཐུད་བྱེད་ཀྱི་ཡོད་ཅེས་གསུངས་པ།
2022-12-21
རྒྱ་ནག་ནང་ཏོག་དབྱིབས་རིམས་ནད་འགོས་ཁྱབ་ཤུགས་ཆེར་འགྲོ་བཞིན་པའི་གནས་སྟངས་འོག་ཕུང་པོ་མེར་སྲེག་བྱེད་ས་ཁག་ཏུ་རོ་ཡིས་ཁེངས་ནས་དཀའ་ངལ་འཕྲད་བཞིན་ཡོད་འདུག
2022-12-21
སྤྱི་ལོ་༢༠༢༢ལོའི་དགུན་དུས་ཧིན་བོད་མཛའ་འབྲེལ་ཚོགས་པའི་རྒྱལ་ཡོངས་ལྷན་ཚོགས་རྒྱ་གར་གྱི་JharKhandམངའ་སྡེའི་རཱན་ཆིའི་ས་གནས་སུ་སྐོང་འཚོགས་གནང་བ།
2022-12-21
པེ་ཅིང་ནས་མི་གཉིས་ཏོག་དབྱིབས་རིམས་ནད་འོག་འདས་གྲོངས་སོང་བ་ཕྱི་བསྒྲགས་བྱས་པ་དེ་ཟླ་བ་འདིའི་ཚེས་གསུམ་ནས་ད་བར་ཐོག་མ་དེ་ཆགས་ཡོད་པ་རེད།
2022-12-21
༧གོང་ས་མཆོག་གི་མ་འོངས་སྐུའི་ཡང་སྲིད་ཀྱི་སྐུ་དབང་དགའ་ལྡན་ཕོ་བྲང་ཁོ་ནར་ཡོད་པ་ལས་གཞན་གཞུང་དང་དབང་འཛིན་པ་སུ་ལ་ཡང་མེད་སྐོར་རྒྱ་གར་ཧི་མ་ལ་ཡ་ན་ལེནྜའི་ནང་པའི་སྲོལ་རྒྱུན་ལྷན་ཚོགས་ནས་སྤྱི་མོས་གྲོས་ཆོད་བཞག་འདུག
2022-12-21
ཨོ་སི་ཀྲི་ལི་ཡའི་ཕྱི་སྲིད་བློན་ཆེན་རྒྱ་ནག་ནང་གཟིགས་སྐོར་དུ་བསྐྱོད་དེ་ཡུལ་གཉིས་འབྲེལ་ལམ་ཇེ་ལེགས་སུ་གཏོང་བར་འབད་བརྩོན།
2022-12-21
བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་ནང་སློབ་ཕྲུག་གསར་བཞུགས་ཀྱི་གྲངས་ཁ་ལོ་ལྟར་ཇེ་ཉུང་དུ་འགྲོ་མིན་ལ་མ་གཟིགས་པར་ཤེས་ཡོན་སློབ་འཁྲིད་ཀྱི་སྤུས་ཚད་ཡག་ཏུ་གཏོང་ཐབས་གནང་བཞིན་ཡོད།
2022-12-21
རྒྱ་གར་གྱི་མི་རབས་གསར་པ་ཚོས་ནང་སེམས་ཀྱི་ཞི་བདེ་བསྐྲུན་ཐབས་དང་འབྲེལ་བའི་རྒྱ་གར་གྱི་གནའ་བོའི་རིག་གཞུང་བཟང་པོར་དོ་སྣང་བྱ་གལ་ཆེ་བ་༧གོང་ས་མཆོག་གིས་རྒྱ་གར་གྱི་དགེ་ལས་སློབ་ཕྲུག་ལྔ་སྟོང་ཙམ་ལ་བཀའ་བསྩལ་འདུག
2022-12-21
ཡུན་རིང་བོད་དོན་ཐོག་རྒྱབ་སྐྱོར་གནང་མཁན་ཁེ་ཎ་ཌའི་གྲོས་ཚོགས་འཐུས་མི་གྷ་ནེ་ཏྲི་ཇེ་ནེསི་ལགས་ཀྱིས་ཁེ་ཎ་ཌའི་དབུས་གྲོས་ཚོགས་འོག་མའི་ནང་སྤྱི་ཟླ་༡༢ཚེས་༡༤ཉིན་བོད་རྒྱ་ཞི་མོལ་དང་འབྲེལ་བའི་གྲོས་འཆར་དེར་སྤྱི་མོས་རྒྱབ་སྐྱོར་དང་གཏན་འབེབས་བྱུང་ཡོད་པ་རེད།
2022-12-21
བཀག་ཉར་འོག་ཡོད་པའི་བེུད་དེ་དག་ལ་རྒྱ་ནག་དམར་ཤོག་ཚོགས་པའི་ཆབ་སྲིད་ཀྱི་སློབ་གསོ་སྤྲད་བཞིན་ཡོད་འདུག འོན་ཀྱང་ས་གནས་གང་དུ་བཀག་ཉར་བྱེད་ཡོད་མིན་གནས་ཚུལ་གསལ་ཁ་མིན་འདུག