༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གནས་མཆོག་རྡོ་རྗེ་གདན་དུ་ཞབས་སོར་བདེ་བར་འཁོད་གནང་ཡོད་པ།
2022.12.22

གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གི་རྒྱལ་ས་ལྡི་ལིའི་ཁུལ་གྱི་མཛད་འཆར་ལེགས་པར་གྲུབ་རྗེས། དེ་རིང་ཕྱི་ཟླ་ ༡༢ ཚེས་ ༢༢ ཉིན་གནས་མཆོག་རྡོ་རྗེ་གདན་དུ་ཞབས་སོར་བདེ་བར་འཁོད་གནང་མཛད་ཅིང་། ཁུལ་དེར་དུས་ཡུན་ཟླ་བ་གཅིག་ཙམ་རིང་ཆོས་འབྲེལ་སོགས་ཀྱི་མཛད་འཕྲིན་བསྐྱང་གནང་མཛད་རྒྱུ་ཡིན་པའི་སྐོར། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་ཆེད་གཉེར་གསར་འགོད་པ་པ་སངས་ཚེ་རིང་ལགས་ཀྱིས་གནས་མཆོག་རྡོ་རྗེ་གདན་ནས་སྙན་སྒྲོན་ཞུས་པར་གསན་རོགས་ཞུ།།
གསར་འགོད་པ། པ་སངས་ཚེ་རིང་།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག