བོད་རྒྱ་ཞི་མོལ་དང་འབྲེལ་བའི་གྲོས་འཆར་དེར་སྤྱི་མོས་རྒྱབ་སྐྱོར་དང་གཏན་འབེབས།
གྲོས་འཆར་དེའི་ནང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་བམ་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་དང་རྒྱ་ནག་མི་དམངས་སྤྱི་འཐུས་རྒྱལ་ཁབ་གཉིས་ཀྱི་དབར་རྒྱ་ནག་གི་རྩ་ཁྲིམས་ཀྱི་སྒྲོམ་གཞི་འོག་བོད་མི་ཚོར་དོན་དམ་གྱི་རང་སྐྱོང་ལྗོངས་ཐོབ་རྒྱུའི་ཆེད་དུ་དམིགས་པས་འབྲེལ་མོལ་བསྐྱར་གསོ་གནང་དགོས་སྐོར་འཁོད་ཡོད་འདུག ཕྱི་ཚེས་༢༠ཉིན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གྲོས་ཚོགས་འཐུས་མི་གྷ་ནེ་ཏྲི་ཇེ་ནེསི་ལགས་སུ་ཐུགས་རྗེ་ཆེ་ཞེས་པའི་གསུང་འཕྲིན་ཞིག་ཕུལ་ཡོད་པའི་ནང་། ངས་བོད་མིའི་སྒྲིག་འཛུགས་དང་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་སྐུ་ཉིད་ལ་རྗེས་སུ་ཡི་རང་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་དང་། སྐུ་ཉིད་ཁེ་ཎ་ཌའི་གྲོས་ཚོགས་འོག་མའི་ནང་བཞུགས་པ་དེས་བོད་མི་རྣམས་ལ་རེ་བ་དང་སེམས་ཤུགས་བསྐྱེད་དུ་བཅུག་ཡོད་ལ། སྐུ་ཉིད་ནས་བོད་ནང་གི་བོད་མི་ཚོའི་མངོན་འདོད་དང་བོད་དོན་སླད་དུ་རྒྱབ་སྐྱོར་གཡོ་བ་མེད་པར་གནང་བཞིན་ཡོད་སྟབས། ང་ཚོས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་གསུངས་འདུག དེ་རིང་ཁ་བའི་གྲོས་རྭ་ལེ་ཚན་ནང་གྲོས་འཆར་དེའི་གནད་འགག་དང་། ཁེ་ཎ་ཌའི་གྲོས་ཚོགས་ཀྱིས་བོད་དོན་ཐོག་རྒྱ་གཞུང་ལ་བརྡ་ལེན་གསལ་པོ་ཞིག་སྤྲོད་པའི་སྐོར་ཁེ་ཎ་ཌའི་བོད་དོན་ལྷན་ཚོགས་ཀྱི་སྤྱི་ཁྱབ་འགན་འཛིན་ཤེས་རབ་མཐར་ཕྱིན་ལགས་དང་བོད་རིགས་སྤྱི་འཐུས་ཚོགས་པའི་ཆབ་སྲིད་འབྲེལ་མཐུད་པ་གཡུང་དྲུང་བསྟན་འཛིན་རྣམ་པ་གཉིས་དང་རྩོམ་སྒྲིག་འགན་འཛིན་རྡོ་རྗེ་དགྲ་འདུལ་གྱིས་བགྲོ་གླེང་བྱས་པ་ཉན་རོགས་ཞུ།
གསར་འགོད་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་སྤེལ་མཁན། པ་སངས་དོན་ལྡན།