ཁེ་ན་ཌའི་གཞུང་གིས་བོད་ཀྱི་གནད་དོན་ལ་རྒྱབ་སྐྱོར་མཚམས་འཇོག་པ་རེད་དམ།

2021.07.21
ཁེ་ན་ཌའི་གཞུང་གིས་བོད་ཀྱི་གནད་དོན་ལ་རྒྱབ་སྐྱོར་མཚམས་འཇོག་པ་རེད་དམ། ཁེ་ན་ཌའི་སྲིད་བློན་Justine Trudeau
ཨེ་པི།

ཁེ་ན་ཌའི་གཞུང་གིས་བོད་ཀྱི་གནད་དོན་ལ་རྒྱབ་སྐྱོར་མཚམས་འཇོག་པ་རེད་དམ་ཞེས་འགོ་བརྗོད་དུ་འཁོད་པའི་ཉེ་ལམ་སྤྱི་ཟླ་༧པའི་ཚེས་༧ཉིན་ཤེས་རབ་མཐར་ཕྱིན་ལགས་དང་ཨ་བི་ཤི་ཇེན་གཉིས་ཀྱིས་ཁེ་ན་ཌའི་གསར་ཤོག་The Hill Times ཞེས་པའི་ནང་དཔྱད་རྩོམ་ཞིག་སྤེལ་ཡོད།དེ་རིང་ཁ་བའི་གྲོས་རཱའི་ལེ་ཚན་ནངད་ལྟའི་ཁེ་ན་འི་སྲིད་བློན་Justine Trudeau ལགས་༢༠༡༥ལོར་སྲིད་བློན་འོས་འདེམས་བྱུང་བ་ནས་བཟུང་ཁོང་གིས་བོད་ཞེས་པའི་ཚིག་དེ་ཁ་ནས་ཟུར་ཙམ་ཡང་ཐོན་མེད་པ་དང་མ་ཟད་ཟླ་བ་སྔོན་མ་ནང་ཁེ་ན་ཌའི་ད་ལྟའི་གཞུང་འཛིན་གུ་ཡངས་ཆབ་སྲིད་ཚོགས་པས་སྤྱི་ཟླ་༦པའི་ཚེས་༢༢ཉིན་ཁེ་ན་་དང་རྒྱ་ནག་གི་ཕྱི་འབྲེལ་ཐོག་དམིགས་བསལ་ལས་དོན་ཚོགས་ཆུང་གིས་བོད་དོན་རྒྱབ་སྐྱོར་གྱི་གྲོས་གཞི་ཞིག་བཏོན་པ་དེ་ལ་ཡང་ངོས་ལེན་བྱ་མེད་པས་གནས་སྟངས་ཅན་ལ་གཞིགས་ན།ད་ཆ་ཁེ་ན་འི་གཞུང་གིས་བོད་དོན་ལ་ཐུགས་འཁུར་དེ་ཙམ་གནང་གི་མེད་པའི་ཚོར་སྣང་ཞིག་ཡོང་གི་ཡོད་པ་རེད།དེའི་དོན་རྐྱེན་གང་ཡིན་སྲིད་མིན་ཞིབ་ཕྲ་ཁེ་ན་་བོད་དོན་ལྷན་ཁང་གི་འགན་འཛིན་ཤེས་རབ་མཐར་ཕྱིན་ལགས་དང་རྩོམ་སྒྲིག་འགན་འཛིན་རྡོ་རྗེ་དགྲ་འདུལ་གྱིས་བཅའ་འདྲི་བྱ་པ་ཉན་རོགས་ཞུ།

གསར་འགོད་པ། རྡོ་རྗེ་དགྲ་འདུལ།

རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།

དྲ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎