ཐེ་ཝན་གྱི་བདམས་ཐོན་སྲིད་འཛིན་ Lai Ching-te།
ཐེ་ལྦན་གྱི་བདམས་ཐོན་སྲིད་འཛིན་Lai Ching-te མཆོག་གིས་ད་ལྟའི་ལས་ཐོག་སྲིད་འཛིན་ཚཡེ་ཨིང་ཝན་སྐབས་ཀྱི་སྲིད་ཇུས་ཁག་མུ་མཐུད་རྒྱུན་འཛིན་བྱས་རྒྱུ་ཡིན་པ་དང་།དེ་དག་ནི་ཐེ་ཝན་གྱི་དམག་དོན་སྟོབས་ཤུགས་རྒྱ་སྐྱེད་གཏོང་རྒྱུ་དང་།ཨ་རི་དང་མཐུན་ཕྱོགས་རྒྱལ་ཁབ་གཞན་ཁག་མཉམ་དུ་འབྲེལ་ལམ་ཇེ་ཟབ་ཏུ་བཏང་རྒྱུ།དེ་བཞིན་ས་ཁང་གི་རིན་གོང་མཐོ་པོ་དང་དཔལ་འབྱོར་འདྲ་མཉམ་མེད་པ་ལྟ་བུའི་ནང་ཁུལ་གྱི་དཀའ་ངལ་རྣམས་སེལ་བའི་ལས་དོན་སྔར་ལས་ལེགས་པ་ཞིག་བསྒྲུབ་རྒྱུའི་དམ་བཅའ་བཞག་ཡོད།མདོར་ན་རྒྱ་ནག་གིས་ཞི་བདེ་གཏོར་བཤིག་གཏོང་མཁན་བརྗོད་སའི་མི་སྣ་ཞིག་ལ་ཐེ་ཝན་སྲིད་འཛིན་གྱི་རྒྱལ་ཁ་ཐོབ་ཡོད་པ་བརྟེན།དེ་རིང་ཁ་བའི་གྲོས་རྭའི་ལེ་ཚན་ནང་རྒྱ་ནག་གི་གནོན་ཤུགས་འོག་ཐེ་ཝན་རྒྱལ་ཡོངས་འོས་བསྡུ་དེ་རང་དབང་དང་དྲང་བདེན་གྱི་ལམ་ནས་སྤེལ་ཐོབ་ཡོད་མེད་དང་།དམངས་གཙོ་ཡར་ཐོན་ཚོགས་པ་ལ་རྒྱལ་ཁབ་ཐོབ་རྗེས་རྒྱ་ནག་གིས་ཐེ་ཝན་ལ་ཡར་ལེན་ཇི་ལྟར་སྤྲོད་སྲིད་པ་དང་།བཙན་བྱོལ་བོད་མིའི་དམངས་གཙོ་དང་ཐེ་ཝན་དམངས་གཙོ་ལམ་ལུགས་མཚུངས་བསྡུར་དང་།ཕན་ཚུན་ལེགས་བྱ་ལེན་ཡ་ག་རེད་ཡོད་མེད་ཀྱི་སྐོར་ཕྱོགས་ཡོངས་ནས་གནད་དོན་དབྱེ་ཞིབ་ཀྱི་ཆེད་དུ་ཁེ་ན་ཌའི་ནང་གནས་བཞུགས་བོད་དོན་དོན་གཉེར་བ་དང་རྩོམ་པ་པོ་བསྟན་འཛིན་ཉིན་བྱེད་ལགས་དང་། ཝར་ཇི་ནི་ཡའི་གཙུག་ལག་སློབ་གྲྭའི་སྐབས་དོན་དབྱེ་ཞིབ་པ་བསྟན་འཛིན་ཐོས་བསམ་ལགས་གཉིས་དང་ལྷན་རྩོམ་སྒྲིག་འགན་འཛིན་རྡོ་རྗེ་དགྲ་འདུལ་ལགས་ཀྱིས་བགྲོ་གླེང་ཞུས་པར་གསན་རོགས་ཞུ།
གསར་འགོད་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་སྤེོལ་མཁན། ཡེ་ཤེས་བཀྲ་ཤིས།