༢༠༢༠ལོའི་ཨ་རིའི་བོད་དོན་སྲིད་ཇུས་དང་རྒྱབ་སྐྱོར་ཁྲིམས་གཞི།

2021.01.13
༢༠༢༠ལོའི་ཨ་རིའི་བོད་དོན་སྲིད་ཇུས་དང་རྒྱབ་སྐྱོར་ཁྲིམས་གཞི། ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་ཁང་ནང་། ༢༠༢༠།༡།༢༨
ཨ་རིའི་གྲོས་ཚོགས་འོག་མ།

རྒྱ་གར་གྱིས་རང་གི་གནས་བབ་ལ་འཚམ་པའི་བོད་དོན་སྲིད་ཇུས་ཤིག་གཏན་འབེབས་དགོས་སྐོར་བོད་རིགས་གཞོན་སྐྱེས་ཤེས་ཡོན་ཅན་ཞིག་གིས་ཉེ་ལམ་དཔྱད་རྩོམ་ཞིག་རྒྱ་གར་གྱི་outlook དུས་དེབ་ཐོབ་སྤེལ་ཡོད་པ་རེད། དཔྱད་རྩོམ་སྤེལ་མཁན་དེ་ཀོ་ལོམ་བྷི་ཡ་(Columbia)གཙུག་ལག་སློབ་ཆེན་གྱི་སྤྱི་ཚོགས་སྲིད་ཇུས་ཀྱི་འབུམ་རམས་པའི་སློབ་གཉེར་གནང་བཞིན་པ་ཚེ་དབང་རིག་འཛིན་ལགས་ཡིན་པ་དང་། དེ་རིང་ཕྱི་ཚེས་༡༣ཉིན་གྱི་ཁ་བའི་གྲོས་རྭ་ལེ་ཚན་ནང་ཁོང་ཆེད་དུ་གདན་ཞུས་ཐོག་༢༠༢༠ལོའི་ཨ་རིའི་བོད་དོན་སྲིད་ཇུས་དང་རྒྱབ་སྐྱོར་ཁྲིམས་གཞི་གཏན་འབེབས་གནང་ཐུབ་པ་དེས་གནད་འགག་དང་།རྒྱ་གར་གཙོས་རྒྱལ་ཁབ་གཞན་ལ་ཡང་མིག་ལྟོས་བྱས་པའི་སྐོར་འབྲེལ་ཡོད་ཀྱི་གནད་དོན་ཐོག་དབྱེ་ཞིབ་བྱེད་པའི་དུམ་ཚན་དང་པོ་དང་། དུམ་ཚན་གཉིས་པ་ནང་རྒྱ་ནག་གི་དྲ་ཐོག་ཚོང་གཉེར་ཁང་ཆེ་ཤོས་ཨ་ལི་བྷ་བྷ་(Alibaba)གསར་འཛུགས་གནང་མཁན་ཚོང་པ་ཕྱུག་བདག་མཱ་ཡོན། ཉེ་བའི་སྤྱི་ཟླ་༡༠ཙམ་ནས་འདས་པའི་ཟླ་བ་གཉིས་ལྷག་རིང་སྤྱི་ཚོགས་ནང་མཐོང་རྒྱུ་མེད་པར་གྱུར་ཡོད་པའི་ཁོང་ལ་དཀའ་ངལ་ཕྲད་པ་རྒྱུ་རྐྱེན་གཙོ་བོ་གང་ཡིན་པ་དང་ཁོང་གི་མ་འོངས་པའི་ཁོང་སྒེར་གྱི་ཁེ་གཉེར་ལས་ཁང་ཁག་གི་གནས་སྟངས་ཇི་ལྟར་ཡོང་སྲིད་མིན་གྱི་སྐོར་ཨུ་སི་ཊིལི་ཡ་སྐུ་ཚབ་དོན་གཅོད་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་དང་རྒྱ་ནག་ཐོག་གི་ཉམས་ཞིབ་པ་འབའ་པ་སྐལ་བཟང་རྒྱལ་མཚན་ལགས་དང་བཅའ་འདྲི་ཞུས་པ་གསན་རོགས་གནང་།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎