པེ་ཅིང་ནང་ཏོག་དབྱིབས་རིམས་ནད་འགོས་ཁྱབ་ཇེ་ཆེར་སོང་བ།
རྒྱ་ནག་ནང་ཏོག་དབྱིབས་རིམས་ནད་ཁྱབ་གདལ་ཇེ་ཆེར་ཕྱིན་ནས་ནད་ཡམས་སྟངས་འཛིན་མ་ཐུབ་པའི་གནས་སྟངས་ཛ་དྲག་ཏུ་འགྲོ་བཞིན་པ་དེས་རྒྱ་ནག་གི་འགོ་ཁྲིད་ཞི་ཅིན་ཕིང་གིས་ཏོག་དབྱིབས་རིམས་ནད་འགོག་ཐབས་ཀྱི་སྲིད་བྱུས་ལ་སྔོན་བརྡ་སོགས་མེད་པའི་འོག་འགྱུར་ལྡོག་བཏང་བར་བརྟེན་ནས་བྱུང་བ་ཞིག་ལ་གནད་དོན་དབྱེ་ཞིབ་པས་ངོས་འཛིན་གནང་གི་ཡོད་པའི་སྐོར་འཆི་མེད་ལགས་ནས་ཕྱོགས་སྒྲིག་གནང་བའི་གནས་ཚུལ་དང་།
ཡང་རྒྱ་ནག་གི་རྒྱལ་ས་པེ་ཅིང་ནང་ཏོག་དབྱིབས་རིམས་ནད་འགོས་ཁྱབ་ཇེ་ཆེར་སོང་བ་དང་། པེ་ཅིན་ནས་མི་གཉིས་འདས་གྲོངས་སོང་བ་ཕྱི་བསྒྲགས་བྱས་པ་དེ་ཟླ་བ་འདིའི་ཚེས་གསུམ་ནས་ད་བར་ཐོག་མ་དེ་ཆགས་ཡོད་པ་རེད། རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ནང་ནད་འབུ་འགོས་མཁན་ཀླད་ཀོར་ཡིན་པ་བརྗོད་ཡོད་ཀྱང་། བོད་ཀྱི་ས་ཁུལ་གཞན་ཁག་དང་རྒྱ་ནག་གི་གྲོང་ཁྱེར་ཁག་ནང་ཡོད་པའི་བོད་མི་ན་མཁན་མང་པོ་ཡོད་པའི་སྐོར་ཨ་སྒྲོལ་གྱིས་གནས་ཚུལ་ཕྱོགས་སྒྲིག་ཞུས་པ་བཅས་གསན་རོགས་གནང་།
གསར་འགོད་པ། ཨ་སྒྲོལ། འཆི་མེད།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་སྤེལ་མཁན། པ་སངས་དོན་ལྡན།