རེ་བའི་མེ་ལྕེ་ཞེས་འཛམ་གླིང་ཡོངས་སུ་ཞི་བདེ་གོང་འཕེལ་གྱི་ལས་དོན་ལ་ ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་སྨོན་གསོལ་འདེབས་ཞུ་རྒྱུ།
2022.12.22

ཉི་ཧོང་དུ་རྟེན་གཞི་བྱེད་པའི་Earth Caravan ཞེས་པའི་གཞུང་འབྲེམ་མ་ཡིན་པའི་ཚོགས་པ་དེའི་གོ་སྒྲིག་འོག The Flame of Hope འམ་རེ་བའི་མེ་ལྕེ་ཞེས་འཛམ་གླིང་ཡོངས་སུ་ཞི་བདེ་གོང་འཕེལ་གྱི་ལས་དོན་ལ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་ཐུགས་སྨོན་གསོལ་འདེབས་ཞུ་རྒྱུ་ཡིན་པའི་སྐོར་ཉི་ཧོང་སྐུ་ཚབ་དོན་གཅོད་ཨར་ཡ་ཚེ་དབང་རྒྱལ་པོ་ལགས་ཀྱིས་འདི་ག་རླུང་འཕྲིན་ལ་གནས་ཚུལ་ངོ་སྤྲོད་གནང་བའི་སྐོར། དོན་གྲུབ་རྣམ་རྒྱལ་ལགས་ཀྱིས་ཕྱོགས་སྒྲིག་དང་སྙན་སྒྲོན་ཞུས་པར་གསན་རོགས་ཞུ།།
གསར་འགོད་པ། དོན་གྲུབ་རྣམ་རྒྱལ།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག