ད་ལྟའི་བོད་ནི་གནས་ཚུལ་གྱི་ནག་ཁུང་ཞིག་ཡིན་པ་གླེང་འདུག

2025.03.20
ད་ལྟའི་བོད་ནི་གནས་ཚུལ་གྱི་ནག་ཁུང་ཞིག་ཡིན་པ་གླེང་འདུག བསྟན་འཛིན་རྣམ་རྒྱལ་ལགས་ཀྱིས་རྒྱལ་སྤྱིའི་ཚོགས་འདུ་ཞིག་གི་ཐོག་བོད་ནང་གི་གནས་སྟངས་གླེང་པ། ༢༠༢༥།༠༣།༡༦
Tenzin Namgyal/ITN

ཕྱི་ལོ་ ༢༠༢༥ ཟླ་ ༣ ཚེས་ ༡༥ དང་ ༡༦ བཅས་སུ་རྒྱལ་སྤྱིའི་བོད་དོན་དྲ་རྒྱ་བའི་འཛིན་སྐྱོང་ཚོགས་ཆུང་གི་ཚོགས་མི་བསྟན་འཛིན་རྣམ་རྒྱལ་ལགས་ཀྱིས། ལཀ་སམ་བྷརྒ་ནང་རྒྱལ་སྤྱིའི་མི་སེར་གྱི་ཁས་ལེན་དང་རྒྱབ་སྐྱོར་ལ་སྐུལ་སློང་བྱེད་པ་དང་གདུང་སེམས་མཉམ་སྐྱེད་ཀྱི་ཚོགས་འདུའི་ཐོག་འཛམ་གླིང་གི་ས་ཆ་གང་སར་ཡོད་པའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་པ་ཚོའི་གནས་སྟངས།" ཞེས་པའི་བགྲོ་གླེང་ཚོགས་འདུར་གསུང་བཤད་གནང་ཡོད་པ་དང་། གནས་སྤོ་དང་། རིག་གཞུང་། མི་སེར་གྱི་དུས་སྟོན་ཐེངས་ ༤༢ པ་དེའི་ཐོག་ཁོང་གིས་བོད་ནང་"མི་རིགས་རྩ་མེད་" ཅེས་འབོད་རྒྱུའི་གལ་གནད་སྐོར་ནན་སྐུལ་གནང་པ་དང་། ད་ལྟའི་བོད་ནི་གནས་ཚུལ་གྱི་"ནག་ཁུང་" ཞིག་ཡིན་པ། དེ་བཞིན་བོད་ནི་"ད་ལྟའི་འཛམ་གླིང་ནང་མནར་གཅོད་ཆེ་ཤོས་ཀྱི་ས་ཁུལ་" ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པའི་སྐོར་གསུངས་ཡོད།  ཐེངས་འདིའི་གནད་དོན་གླེང་མོལ་གྱི་ལས་རིམ་ནང་། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་འགན་འཛིན་གཞོན་པ་བཀྲིས་དབང་ཕྱུག་ལགས་ཀྱིས་བསྟན་འཛིན་རྣམ་རྒྱལ་ལགས་སུ་གླེང་མོལ་ཞུས་པ་ཞིག་གསན་རོགས་གནང་།།233.jpg
གསར་འགོད་པ། བཀྲིས་དབང་ཕྱུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎