ཐའེ་ལནྡི་གཞུང་གིས་ཡུ་གུར་པ ༤༠ ཕྱིར་རྒྱ་ནག་གཞུང་ལ་རྩིས་སྤྲད་བྱས་པ།
2025.03.14
ཐེངས་འདིའི་བོད་རྒྱའི་སྐབས་དོན་གླེང་བ་ཞེས་པའི་ལེ་ཚན་ནང་། ཐའེ་ལནྡི་གཞུང་གིས་ཡུ་གུར་པ ༤༠ ཕྱིར་རྒྱ་ནག་གཞུང་ལ་རྩིས་སྤྲད་པར་ནུབ་ཕྱོགས་རྒྱལ་ཁབ་དང་མི་ཐོབ་སྒྲིག་འཛུགས་ཁག་གིས་སྐྱོན་བརྗོད་བྱས་ཡོད་པ་དང་། རྒྱ་ནག་གཞུང་གིས་ཁོང་ཚོའི་བདེ་འཇགས་ལ་ཁག་ཐེག་བྱས་མིན་ལ་མ་ལྟོས་པར། ཡུ་གུར་བའི་མི་ཐོབ་འཐབ་རྩོད་པས་ཡུ་གུར་བ་དེ་ཚོ་མུན་ནག་གི་གཞུང་ཞིག་གི་ལག་པར་ཤོར་དུས་གསོན་རྒྱུའི་རེ་བ་ནི་ཧ་ལམ་མེད་ཅེས་བློ་འཚབ་སྐྱེས་ཡོད་པའི་སྐོར། སྟག་ལྷ་རྒྱལ་གྱིས་གནས་ཚུལ་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུས་པར་གསན་རོགས་གནོངས།
གསར་འགོད་པ། སྟག་ལྷ་རྒྱལ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་སྤེལ་མཁན། པ་སངས་དོན་ལྡན།