གསར་འགྱུར་ཡིག་ཚགས།
2012-11-30
བོད་མདོ་སྨད་ཀླུ་ཆུ་ཤིས་ཚང་དགོན་པའི་དགེ་འདུན་ཉིས་བརྒྱ་ལྷག་ཙམ་གྱིས་རང་ལུས་མེར་སྲེག་གཏོང་མཁན་ཚེ་རིང་རྣམ་རྒྱལ་ལགས་ཀྱི་ཁྱིམ་དུ་ཕེབས་ནས་གསོལ་འདེབས་སྨོན་ལམ་འདོན་པའི་གནས་ཚུལ་བྱུང་འདུག
2012-11-30
ཇར་མ་ནིའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་ནས་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་ཇུས་ལ་བསྒྱུར་བཅོས་གཏང་དགོས་པ་དང༌། རྒྱལ་སྤྱིའི་གནས་ཚུལ་རྟོགས་ཞིབ་པ་བོད་ནང་ཆེད་གཏོང་དགོས་པའི་འབོད་བསྐུལ་གནང་འདུག
2012-11-30
ཕ་རན་སིའི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ལྷན་ཁང་ནང་ཕེབས་པའི་བོད་དོན་རྒྱབ་སྐྱོར་གྱི་གྲོས་འཆར་དེར་གོ་བསྡུར་ལྷུག་པོ་བྱུང་རྗེས། ཕྱི་ཚེས་༢༧ཉིན་ཕ་རན་སིའི་གྲོས་ཚོགས་གོང་མའི་ནང་གྲོས་ཆོད་བཞག་འདུག
2012-11-30
འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་རྒྱ་ནག་གཞུང་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ཐོག་ཞིབ་འཇུག་བྱས་ནས་བོད་མིའི་དཀའ་ངལ་སེལ་ཐབས་བྱ་དགོས་པའི་ཛ་དྲག་གི་སྐུལ་མ་གནང་འདུག
2012-11-30
སྲིད་སྐྱོང་མཆོག་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཨ་རབ་གསར་རྗེའི་སྐབས་རྒྱབ་སྐྱོར་བྱས་པ་བཞིན། དེང་སྐབས་བོད་ནང་གི་ཛ་དྲག་གནས་སྟངས་དེར་ཡང་རྒྱབ་སྐྱོར་གནང་རོགས་ཞེས་འབོད་སྐུལ་གནང་འདུག
2012-11-29
བོད་ཟླ་བཅུ་པའི་ཚེས་༡༥ དཔལ་ལྷའི་དུས་ཆེན་གྱི་སྔ་ནུབ་ཏུ། བོད་ཀྱི་རྒྱལ་ས་ལྷ་སར་རྒྱ་དམག་གིས་མཐའ་སྐོར་ནས་དམ་བསྒྲགས་ཆེན་པོ་བྱས་ཡོད་པའི་སྐོར་བོད་ནས་གནས་ཚུལ་གནང་མཁན་གྱིས་གསུང་ཡོད་པ་རེད།
2012-11-29
ཁ་ས་དགོང་དྲོ་བོད་མདོ་སྨད་ཀན་ལྷོ་ཁུལ་མཛོད་དགེ་རུ་རྒྱལ་གཅེས་དཔའ་བོ་བན་དེ་མཁར་ཞུ་བས་རང་ལུས་མེར་བསྲེགས་གནང་སྟེ་སྐུ་གྲོངས་ཡོད་པའི་གནས་ཚུལ་ཐོན་འདུག
2012-11-29
ཀ་རྡོར་སྒང་གསུམ་ཁུལ་དུ་གནས་བཞུགས་བོད་མི་ ༧༠༠ ལྷག་ཙམ་གྱིས་ཉིན་ཤས་རིང་རང་རང་གི་ས་གནས་ནས། ཤི་རི་གུ་རི་གྲོང་ཁྱེར་བར་དུ་ཞི་བའི་གོམ་བགྲོད་གནང་སྟེ་ཕྱི་ཟླ་༡༡ཚེས་༢༨ཉིན་མཇུག་བསྒྲིལ་གནང་འདུག
2012-11-29
བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་དེ་རིང་ནས་བཟུང་ཉིན་གྲངས་༡༤རིང་ལམ་རིམ་འཁྲིད་ཆེན་༡༨ཀྱི་ཆོས་འབྲེལ་གནང་རྒྱུ་ཡིན་པ་རེད།
2012-11-29
རེབ་གོང་དགོན་པ་སོ་སོའི་བླ་མ་དགེ་བཤེས་ལས་སྣེ་ཡོངས་དང༌། སྡེ་བ་སོ་སོའི་རྒན་རྒོན་ཡོངས་ཀྱིས་རང་ལུས་མེར་སྲེག་གཏོང་རྒྱུ་མཚམས་འཇོག་ཡོང་བའི་ཡི་གེ་ཞིག་རེབ་གོང་གི་ས་ཕྱོགས་གང་སར་འགྲེམས་སྤེལ་གནང་འདུག
2012-11-28
ཀན་ལྷོ་བླ་བྲང་བསང་ཁོག་ཞང་ཐོག་ཏུ་བོད་རིགས་ན་གཞོན་སངས་རྒྱས་བཀྲ་ཤིས་ལགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་གནང་སྟེ་སྐུ་གྲོངས་ཡོད་འདུག
2012-11-28
བོད་ཨ་མདོ་རྔ་བར་ཉེ་བའི་ཆར་ཚེས་༧ཉིན་གཅིག་པོར་བོད་མི་གསུམ་གྱིས་རང་ལུས་མེ་བསྲེགས་བྱེད་མཁན་རྡོ་རྗེ་དང་། བསམ་འགྲུབ། རྡོ་རྗེ་སྐྱབས་གསུམ་གྱི་འདྲ་པར་ཕྱི་འབྱོར་བྱུང་འདུག
2012-11-28
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ལྷོ་ཕྱོགས་ཁྲོམ་ཁོར་གཙུག་ལག་སློབ་གྲྭ་ཆེན་མོར་ཆིབས་བསྒྱུར་བསྐྱངས་གནང་བ་དང་དེ་ནས་དགེ་རྒན་ཆེན་མོའི་ཆེ་བསྟོད་ཀྱི་ཕྱག་འཁྱེར་འབུལ་ལམ་ཞུས་འདུག
2012-11-28
ཟླ་བ་འདིའི་ཟླ་འགོར་ཁམས་ནག་ཆུ་འབྲི་རུ་རྫོང་དུ་རང་ལུས་མེར་བསྲེཊ་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གནང་མཁན་རྒྱལ་གཅེས་དཔའ་བོ་ཚེ་རྒྱས་ལགས་བཙོན་ཁང་དུ་སྐུ་གྲོངས་འདུག
2012-11-28
ཟླ་བ་འདིའི་ཚེས་༢༦ནས་༢༨བར་བོད་ནང་གི་ས་ཁུལ་ཁག་ཅིག་ཏུ་སློབ་གྲྭ་ཆེན་མོའི་སློབ་མ་དང༌། གཞུང་གི་ལས་བྱེད། རྩོམ་པ་པོ། དགེ་འདུན་པ། ཚོང་པ་བཅས་མི་གྲངས་༦༠ལྷག་གིས་ཟས་བཅད་ངོ་རྒོལ་གནང་འདུག