༧གོང་ས་མཆོག་འབྲས་སྤྲུངས་སུ་ཞབས་སོར་འཁོད་འདུག

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་དེ་རིང་ནས་བཟུང་ཉིན་གྲངས་༡༤རིང་ལམ་རིམ་འཁྲིད་ཆེན་༡༨ཀྱི་ཆོས་འབྲེལ་གནང་རྒྱུ་ཡིན་པ་རེད།

2012.11.29

༄༅།    །ཕྱི་ཟླ་ ༡༡ པའི་ཚེས་ ༢༩ ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧ སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ལྷོག་ཕྱོགས་ཀྱི་གོ་བ་ (Goa) གནམ་ཐང་དུ་ཆིབས་སྒྱུར་བསྐྱངས་གནང་མཛད་པའི་སྐབས་སུ། བདེ་སྲུང་དྲུང་ཆེ་དབང་ཕྱུག་ལགས་དང་། སྤྱི་འཐུས་ཨ་འབྲུག་ཚེ་བརྟན་ལགས།  དེ་བཞིན་དགའ་ལྡན་ཤར་རྩེ་མཁན་རིན་པོ་ཆེས་གཙོས་པའི་གདན་ས་ཁག་གི་མཁན་པོ་བླ་སྤྲུལ་སོགས་ཕེབས་བསུར་བཅར་ཡོད་པ་རེད། ༧གོང་ས་མཆོག་འབྲས་སྤྲུངས་ཚོགས་ཆེན་གྱི་སེང་ཁྲིར་༧ཞབས་སོར་འཁོད་གནང་མཛད་པ་དང་། དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་དང་། འབྲས་སྤུངས་ཁྲི་པ་མཆོག་གིས་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་གྲུབ་པ་རྗེས། ༧གོང་ས་མཆོག་གིས་༧རྒྱལ་བ་སྐུ་ཕྲེང་རིམ་བྱོན་དང་དགའ་ལྡན་ཕོ་བྲང་དབར་གྱི་འབྲེལ་བའི་སྐོར་ལ་བཀའ་སློབ་མདོར་བསྡུས་ཤིག་བསྩལ་ཟིན་རྗེས་དགའ་ལྡན་ཤར་རྩེར་གྲྭ་ཚང་ལ་ཆིབས་བསྒྱུར་བསྐྱངས་གནང་ནས། དགའ་ལྡན་ཤར་རྩེའི་ཆོས་རྭར་དགེ་འདུན་འདུས་ཚོགས་ ༣༠༠༠ བརྒལ་བའི་དབུས་སུ་ཆིབས་བསྒྱུར་གྱིས་བྱང་ཆུབ་ལམ་རིམ་ཆེན་མོའི་མཁས་པའི་བགྲོ་གླེང་དབུ་འབྱེད་བཀྲིན་མཛད་ཡོད་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎