སྨོན་ལམ་བརྒྱབས་པར་བརྟེན་འཛིན་བཟུང་།

བོད་ཟླ་བཅུ་པའི་ཚེས་༡༥ དཔལ་ལྷའི་དུས་ཆེན་གྱི་སྔ་ནུབ་ཏུ། བོད་ཀྱི་རྒྱལ་ས་ལྷ་སར་རྒྱ་དམག་གིས་མཐའ་སྐོར་ནས་དམ་བསྒྲགས་ཆེན་པོ་བྱས་ཡོད་པའི་སྐོར་བོད་ནས་གནས་ཚུལ་གནང་མཁན་གྱིས་གསུང་ཡོད་པ་རེད།

2012.11.29

༄༅།    །བོད་ནས་གནས་ཚུལ་མཁོ་སྤྲོད་པས་གསུང་པར། ཕྱི་ཟླ་༡༡ པའི་ཚེས་༢༧ རེས་གཟའ་མིག་དམར་ཉིན་དཔལ་ལྷའི་དུས་ཆེན་ཉིན་གྱི་སྔ་ནུབ་ཀྱི་ཕྱི་དྲོའི་ཚོུད་༥།༣༠ཙམ་ལ་ལྷ་ལྡན་གཙུག་ལག་ཁང་དུ་ཆོས་མཇལ་དུ་སྐྱོད་མཁན་སྔར་རྒྱུན་ལྟར་མི་མང་པོ་མེད་ཀྱང་མི་གང་མཚམས་ཤིག་རུ་སྒྲིག་ནས་ཆོས་མཇལ་ཞུ་བར་སླེབས་ཡོད་པ་རེད། སྐབས་དེར་གཙུག་ལག་ཁང་དུ་ཆོས་མཇལ་ཞུ་མཁན་གྱི་ཁོངས་སུ་ལོ་ལྔ་བཅུ་ཙམ་ལ་སླེབས་པའི་ཁམས་པ་གཟུགས་སྟོབས་ཆེན་པོ་ཞིག་ཡོད་པ་ཁོང་གིས་ཇོ་བོ་རིན་པོ་ཆེར་ཁ་ཕྱོགས་ནས་སྐད་ཤུགས་ཆེན་པོས་སྨོན་ལམ་འདེབས་བཞིན་འདུག ཁོང་གིས་སྨོན་ལམ་འདེབས་པའི་སྐབས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཞབས་པད་བརྟན་པ་དང༌། བོད་མི་རྣམས་བོད་ནང་དུ་རང་དབང་མེད་པས་དུས་དང་རྣམ་པ་ཀུན་ཏུ་སྡུག་བསྔལ་ནང་གནས་ཡོད་པར་བརྟེན་ནས། དཀོན་མཆོག་གིས་བོད་མི་རྣམས་སྡུག་བསྔལ་ལས་འདྲེན་པའི་སྨོན་ལམ་འདེབས་སོང༌། ཁོང་གིས་སྐད་ཤུགས་ཆེན་པོས་སྨོན་ལམ་དེ་ལྟར་འདེབས་པར་བརྟེན་ནས་ཆོས་མཇལ་ཞུ་བར་ཡོང་མཁན་མི་མང་པོ་ཐོས་པ་དང༌། གློ་བུར་དུ་ཆོས་མཇལ་ཞུ་མཁན་གྱི་ནང་ནས་མང་ཚོགས་དཀྱུས་མའི་ཆས་གོས་གྱོན་པའི་ཉེན་རྟོག་པ་མང་པོ་ཐོན་ཏེ། ཁོང་ས་ལ་དགྱེལ་པ་དང༌། དེ་རྗེས་འཛིན་བཟུང་བྱས་པའི་རྗེས་སུ་གནས་ཚུལ་རྩ་བ་ནས་ཐོས་རྒྱུ་མེད་པར་གྱུར་སོང༌། ད་དུང་ཤེས་རྟོགས་བྱུང་བར། ཉིན་དེར་རང་ལ་བོད་མི་གཞན་ཁག་ཅིག་ཀྱང་འཛིན་བཟུང་བྱས་ཡོད་པའི་གནས་ཚུལ་གོ་ཐོས་བྱུང་ཞེས་ངོ་སྤྲོད་གནང་ཡོད་པ་རེད། །

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎