རྒྱལ་སྤྱིའི་སྤྱི་ཚོགས་ནས་བོད་དོན་རྒྱབ་སྐྱོར་གནང་རོགས་ཟེར།

སྲིད་སྐྱོང་མཆོག་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཨ་རབ་གསར་རྗེའི་སྐབས་རྒྱབ་སྐྱོར་བྱས་པ་བཞིན། དེང་སྐབས་བོད་ནང་གི་ཛ་དྲག་གནས་སྟངས་དེར་ཡང་རྒྱབ་སྐྱོར་གནང་རོགས་ཞེས་འབོད་སྐུལ་གནང་འདུག

2012.11.30

༄༅།    །ཕྱི་༡༡ཚེས་༢༩ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ནེ་རུ་གཙུག་ལག་སློབ་གཉེར་ཁང་གི་ཚོགས་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱིས་བོད་ཀྱི་གནད་དོན་སེལ་ཆེད་བོད་རྒྱ་གཉིས་སྨན་དབུ་མའི་ལམ་གྱི་ལངས་ཕྱོགས་ཐོག་དགེ་ལས་སློབ་ཕྲུག་རྣམས་ལ་གསུང་བཤད་གནང་འདུག   སྐབས་དེར་སྲིད་སྐྱོང་མཆོག་གིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཨ་རབ་གསར་རྗེའི་སྐབས་རྒྱབ་སྐྱོར་བྱས་པ་བཞིན་དེང་སྐབས་བོད་ནང་གི་ཛ་དྲག་གནས་སྟངས་དེར་ཡང་རྒྱབ་སྐྱོར་གནང་རོགས་ཞེས་འབོད་སྐུལ་གནང་འདུག   སྲིད་སྐྱོང་མཆོག་གིས་ད་དུང་།    བོད་ནང་གི་བོད་མིས་རང་ལུས་མེར་བསྲེགས་གནང་དགོས་པའི་རྒྱུ་རྐྱེན་གཙོ་བོ་ནི། རྒྱ་ནག་གཞུང་གིས་བོད་ནང་བཙན་འཛུལ་བྱས་ཏེ་བོད་མིའི་ཆོས་དང་རིག་གཞུང་ལ་དམ་བསྒྲགས་ཤུགས་ཆེ་བྱས་དང་བྱེད་མུས་ཡིན་པས་མ་ཟད་  བོད་ཀྱི་ཁོར་ཡུག་ལ་གཏོར་ཤིག་དང།    བོད་མི་ཚོ་དཔལ་འབྱོར་ཟུར་ཕུད་བྱས་པ་བོད་ཀྱི་འབྲོག་པ་རྣམས་བཙན་དབང་ཐོག་གནས་སྤོས་བྱེད་བཅུག་པ་སོགས་ཀྱི་སྲིད་བྱུས་ལག་བསྟར་བྱས་པར་བརྟེན།    བོད་མི་ཚོ་འཐར་འུ་ཐུག་ཐབས་ཟད་ཀྱིས་རང་ལུས་མེར་བསྲེག་བཏང་སྟེ། རྒྱ་ནག་གཞུང་ལ་ཞི་རྒོལ་བྱས་དང་བྱེད་བཞིན་པའི་ཛ་དྲག་གི་གནས་སྟངས་འདི་ཆགས་ཡོད་པའི་སྐོར་འགྲེལ་བཤད་གནང་ཡོད་རེད།

ད་དུང་སྲིད་སྐྱོང་མཆོག་ནས་རྒྱ་གར་གྱིས་རང་ཉིད་ཀྱི་ཁེ་ཕན་ཆེད་དུའང་།  བོད་ཀྱི་གནད་དོན་སེལ་རྒྱུ་གལ་ཆེན་པོ་ཆགས་ཡོད་པ་དང་། བོད་དོན་ཞི་སྒྲིག་བྱུང་མཚམས་ཧི་མ་ལ་ཡའི་ས་མཚམས་སུ་ཞི་བདེ་བརྟན་ལྷིང་འབྱུང་ཐུབ་རྒྱུ་ཡིན་སྐོར་གསལ་སྟོན་གནང་ཡོད་པས་མ་ཟད།  གཞི་རྩའི་རྒྱ་གར་གཞུང་གིས་བོད་མི་ཚོར་དཀའ་ངལ་ཧ་ཅང་འཕྲད་བཞིན་པའི་དུས་སྐབས་སུ་རྒྱབ་སྐྱོར་གྱི་ལངས་ཕྱོགས་བརྟན་པོའི་ཐོག་ནས་རོགས་རམ་གནང་ཡོད་པ་དང་།  དེང་སྐབས་ཨེ་ཤེ་ཡའི་མངའ་ཁུལ་དུ་རྒྱ་ནག་གི་དབང་ཤུགས་རྒྱ་སྐྱེད་འགྲོ་བཞིན་པ་དེས་རྒྱ་གར་ལ་དཀའ་ངལ་འཕྲད་སྲིད་པའི་སྐོར་ཡང་གསུང་འདུག །

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎