གསར་འགྱུར་ཡིག་ཚགས།
2025-02-20
བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱིས་གོ་སྒྲིག་འོག རྒྱ་གར་ལྷོ་ཕྱོགས་སུ་བོད་མིའི་གཞིས་ཆགས་ཁྱོན་ ༡༢ ཀྱི་ས་གནས་འགོ་འཛིན་དང་སོ་ནམ་སློབ་སྟོན་པ་བཅས་ལྷན་བཞུགས་ཀྱིས། བོད་མིའི་གཞིས་ཆགས་ཁག་གི་སོ་ནམ་ལས་གཞི་ཡར་རྒྱས་གཏོང་ཕྱོགས་ཀྱི་ལྷན་ཚོགས་དབུ་བཙུགས་ཀྱི་མཛད་སྒོ་ཞིག་འཚོགས་པ།
2025-02-20
རྒྱལ་སྤྱིའི་ཕ་སྐད་ཀྱི་ཉིན་མོ་དང་བསྟུན་བོད་མི་ཚོས་བོད་སྐད་ཡིག་སྲུང་སྐྱོབ་ཀྱི་ཐབས་ལམ་འདྲ་མིན་བསྟེན་བཞིན་པའི་སྐོར་འཇམ་དབྱངས་ཤེས་ཡོན་ཞབས་ཞུ་ཁང་གི་སློབ་གསོ་རིག་པའི་འབུམ་རམས་པ་སྐལ་བཟང་དབང་འདུས་ལགས་དང་སྨོན་ལམ་རིག་ནུས་བཟོ་སྐྲུན་པ་དགེ་བཤེས་བློ་བཟང་སྨོན་ལམ་ལགས། ལོ་ཆུང་རྩོམ་པ་པོ་ཡང་བསྐྱར་སྒྲོལ་མ་ལགས་ཀྱི་བསམ་ཚཱུལ་ཕྱོགས་བསྡུས།
2025-02-19
རྒྱ་གར་གྱིས་མིས་བཟོས་རིག་ནུས་གསར་གཏོད་ཀྱི་ལས་དོན་ཁྲོད་ཤུགས་རྒྱག་བཞིན་ཡོད་ཀྱང་རྒྱལ་ཁབ་གཞན་དང་བསྡུར་ན་ཅུང་རྗེས་ལུས་སུ་ཐེབས་ཡོད་པ་ངོས་འཛིན་བྱས་འདུག
2025-02-19
རྒྱ་ནག་གི་གྲོང་ཁྱེར་ ༧༠ ནང་ཁང་པའི་རིན་གོང་ཆ་སྙོམས་ཟླ་རེར་བརྒྱ་ཆ་ ༠.༠༧ ཆག་ཡོད་པ་དང་རྒྱ་ནག་ནང་ཁང་པའི་རིན་གོང་ཆག་ཚད་མུ་མཐུད་དུ་དལ་དུ་འགྲོ་བཞིན་ཡོད་པ་རེད།
2025-02-19
བོད་ཀྱི་ཆབ་སྲིད་བཙོན་ཟུར་རྣམ་སྐྱིད་ལགས་ཀྱིས་ཇི་ནི་ཝའི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོའི་ལྷན་ཚོགས་ཐོག་བོད་ནང་གི་མྱོང་བ་ར་སྤྲོད་དང་བོད་དོན་གཏམ་བཤད་གནང་འདུག
2025-02-19
རྒྱ་གར་ཡུལ་མི་གཙོ་བོར་གྱུར་བའི་ས་ཕྱོགས་གང་ས་ནས་ཕེབས་པའི་ཕྱི་རྒྱལ་ཡུལ་གྲུ་ཁག་གི་མི་རིགས་མང་དག་ཅིག་ལ་བོད་ཀྱི་ཆོས་དང་རིག་གཞུང་ངོ་བོ་སོགས་ཀྱི་གོ་རྟོགས་ཆེད་དུ་དམིགས་ཏེ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གསུང་རྩོམ་ཁག་ཅིག་དང་། བོད་མདོ་དབུས་ཁམས་གསུམ་གྱི་ཆས་གོས་དང་ལོ་གསར་གྱི་ཁ་ཟས་སོགས་འགྲེམས་སྟོན་གནང་བཞིན་པ།
2025-02-19
རྣམ་སྐྱིད་ལགས་ཀྱིས་ཕྱི་ཟླ་ ༢ པའི་ཚེས་ ༡༨ ཉིན་སུད་སི་གྲོང་ཁྱེར་ཇི་ནི་ཝའི་ནང་འཚོག་བཞིན་པའི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོའི་ཚོགས་ཆེན་ཐེངས་བཅུ་བདུན་པའི་སྟེང་གཏམ་བཤད་གནང་ཡོད་པ་རེད།
2025-02-19
གཞས་ཚིག་རྐྱེན་གྱིས་རྒྱ་ནག་གཞུང་གིས་འདྲི་རྩད་བཀག་ཉར་སོགས་ཐེངས་མང་བྱས་མྱོང་བ་བོད་ཀྱི་ན་གཞོན་གཞས་པ་བློ་བཟང་ལགས་ནད་གཞིའི་རྐྱེན་གྱིས་འདས་གྲོངས་སུ་ཕྱིན་ཡོད་འདུག
2025-02-19
བོད་ཀྱི་ལོ་གསར་ཚེས་ལ་ཉེ་བ་དང་བསྟུན། བོད་ཕྱི་ནང་གཉིས་སུ་ཡོད་པའི་བོད་མི་རྒན་བྱིས་དར་གསུམ་གྱིས་རང་རང་སོ་སོའི་ནང་ཁྱིམ་གཙང་བཟོ་དང་། བྱིས་པ་ཚོར་གྱོན་གོས་གསར་པ་གྲ་སྒྲིག དེ་བཞིན་དཀོན་མཆོག་ལ་མཆོད་པ་འབུལ་རྒྱུའི་གྲ་སྒྲིག་བྱེད་པའི་དུས་སྐབས་ཤིག་འཁེལ་གྱི་ཡོད་པ་རེད།
2025-02-18
༧སྐུའི་གཅེན་པོ་བཀའ་བློན་ཁྲི་ཟུར་རྒྱལ་ལོ་དོན་གྲུབ་ལགས་སུ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དམིགས་བསལ་བཅར་འདྲི་ཞུས་པ།
2025-02-18
ལྷོ་ཀོ་རི་ཡས་མཛད་སྤྱོད་པའི་མི་སྒེར་གྱི་གནས་ཚུལ་ལ་ཉེན་ཁ་ཡོད་པར་དོགས་ནས་རྒྱ་ནག་གི་མིས་བཟོས་རིག་ནུས་ཊིབ་སིག(DeepSeek)་མཉེན་ཆས་མཛོད་ཁང་ནས་ཕྱིར་འཐེན་དང་བཀག་སྡོམ་བྱས་འདུག
2025-02-18
རྒྱ་ནག་གཞུང་གིས་ཐེ་ཝན་ལ་མུ་མཐུད་དུ་གནོན་ཤུགས་སྤྲོད་བཞིན་པའི་སྐབས་འདིར་ཐེ་ཝན་གྱིས་ཨ་རི་ནས་ཨ་སྒོར་ཐེར་འབུམ་མང་པོའི་གོ་མཚོན་ཉོ་རྒྱུའི་འཆར་གཞི་འདིང་བཞིན་ཡོད་འདུག
2025-02-18
བོད་ཀྱི་ཆབ་སྲིད་བཙོན་ཟུར་རྣམ་སྐྱིད་ལགས་ཡོ་རོབ་ནང་སྐོར་བསྐྱོད་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་དང་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་ནས་བོད་ནང་གི་ཆབ་སྲིད་བཙོན་པ་རྣམས་གློད་གྲོལ་ཆེད་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་ཞུས་འདུག
2025-02-18
ཨོ་མན་གྱི་རྒྱལ་ས་མུ་སེ་ཁཊ་ཏུ་འཚོགས་པའི་རྒྱ་གར་རྒྱ་མཚོའི་ཚོགས་འདུ་ཐེངས་བརྒྱད་པའི་ཐོག་རྒྱ་མཚོའི་མཉམ་ལས་ཀྱི་མངོན་འདོད་གསར་པའི་ཕྱོགས་སུ་བསྐྱོད་པ་ཞེས་པའི་བརྗོད་སྙིང་འོག རྒྱ་གར་རྒྱ་མཚོའི་མངའ་ཁུལ་རྒྱལ་ཁབ་ཕན་ཚུན་མཉམ་ལས་གོང་སྤེལ་དང་། མངའ་ཁུལ་བརྟན་ལྷིང་། དཔལ་འབྱོར་ཡར་རྒྱས་སོགས་ཀྱི་གནད་དོན་སྐོར་གྲོས་བསྡུར་གནང་འདུག
2025-02-18
སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ནས་རྒྱ་གར་ལྷོ་ཕྱོགས་ཧོན་སུར་དུ་གཞུང་འབྲེལ་འཚམས་གཟིགས་གནང་བཞིན་པ།