རྒྱ་གར་མིས་བཟོས་རིག་ནུས་གསར་གཏོད་ཀྱི་ལས་དོན་ཁྲོད་ཅུང་རྗེས་ལུས་ཐེབས་ཡོད་ཀྱང་ཤུགས་རྒྱག་བཞིན་ཡོད་འདུག

2025.02.19
རྒྱ་གར་མིས་བཟོས་རིག་ནུས་གསར་གཏོད་ཀྱི་ལས་དོན་ཁྲོད་ཅུང་རྗེས་ལུས་ཐེབས་ཡོད་ཀྱང་ཤུགས་རྒྱག་བཞིན་ཡོད་འདུག མིས་བཟོས་རིག་ནུས་དང་རྟགས།
སྒྲིག་བཟོ།

དེ་ཡང་དབྱིན་ཇིའི(BBC)་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བར་ལྟར་ན། ཨ་རིའི་མིས་བཟོས་རིག་ནུས་(Chatgpt)་འཛམ་གླིང་དུ་དར་ཁྱབ་བྱུང་ནས་ལོ་གཉིས་ཀྱི་རྗེས་སུ། རྒྱ་ནག་གི་མིས་བཟོས་རིག་ནུས་ཊིབ་སུག་(DeepSeek)་ཞེས་པ་ཐོན་ནས་མིས་བཟོས་རིག་ནུས་ཀྱི་མཉེན་ཆས་བཟོ་བསྐྲུན་བྱེད་རྒྱུའི་འགྲོ་གྲོན་དེ་བས་ཆུང་དུ་ཕྱིན་ཡོད་པ་སོགས་འཛམ་གླིང་ཐོག་མིས་བཟོས་རིག་ནུས་ལག་རྩལ་གྱི་འགྲན་རྩོད་ཤུགས་ཆེ་འགྲོ་བཞིན་པའི་སྐབས་འདིར། རྒྱ་གར་གྱིས་ཀྱང་མིས་བཟོས་རིག་ནུས་ཀྱི་ཁེ་ལས་གསར་པ་དང་། སློབ་གྲྭ་ཆེན་མོ་ཁག་གི་ཞིབ་འཇུག་མི་སྣ། སྲིད་གཞུང་གིས་རྒྱབ་སྐྱོར་སོགས་བརྒྱུད་ནས་རྒྱ་ནག་གི་(DeepSeek)་དང་འདྲ་བའི་མིས་བཟོས་རིག་ནུས་ཀྱི་མཉེན་ཆས་ཞིག་ཐོན་ལ་ཉེ་སྐོར་བརྗོད་ཡོད་ཀྱང་། འཛམ་གླིང་གི་མིས་བཟོས་རིག་ནུས་ཀྱི་སྣེ་ཁྲིད་མི་སྣ་དག་གིས། རྒྱ་གར་ནི་འཛམ་གླིང་ནང་གི་མིས་བཟོས་རིག་ནུས་བེད་སྤྱོད་མང་ཤོས་ཀྱི་ཁྲོམ་ར་ཨང་གཉིས་པ་ཡིན་པ་དང་། དེ་བཞིན་རྒྱ་གར་གྱི་མིས་བཟོས་རིག་ནུས་ཀྱི་ལག་རྩལ་མི་སྣས་འཛམ་གླིང་གི་བརྒྱ་ཆའི་༡༥ཟིན་གྱི་ཡོད་པ་སོགས་ཀྱི་གནས་སྟངས་ལ་གཞིགས་ན། མི་བཟོས་རིག་ནུས་ཐོན་སྐྱེད་ཐད་རྒྱ་གར་ནི་ཨ་རི་དང་རྒྱ་ནག་དང་བསྡུར་ན་ཅུང་རྗེས་ལུས་ཡིན་པ་བརྗོད་འདུག
ཡང་ཨ་རིའི་ཕྱུག་བདག་(Elon Musk)་ཡིས་ཉིན་ཤས་སྔོན་(Grok-3)་ཞེས་པའི་མིས་བཟོས་རིག་ནུས་ཐོན་གསར་པ་ཞིག་བཏོན་ཡོད་པ་དང་། དེ་ནི་དེ་སྔོན་ཨ་རིའི་ནང་བཟོས་པའི་(Chatbot)་དང་རྒྱ་ནག་གི་(DeepSeek)མིས་བཟོས་རིག་ནུས་བཅས་ལ་འགྲན་རྩོད་ཇེ་ཆེར་འགྲོ་རྒྱུ་ཡིན་འདུག
དེར་བརྟེན་གནད་དོན་དབྱེ་ཞིབ་པ་རྣམས་ཀྱིས་རྒྱ་གར་གྱི་ངོས་ནས་མིས་བཟོས་རིག་ནུས་གསར་གཏོད་ཐད་སྒྲིག་གཞིའི་གནད་དོན་ཐག་གཅོད་བྱེད་དགོས་པ་དང་། དེ་བཞིན་ཞིབ་འཇུག་དང་རྨང་གཞིའི་སྒྲིག་བཀོད་ཐད་ཡུན་རིང་མ་རྩ་འཇོག་ཚད་མང་དུ་གཏོང་བ་སོགས་བརྒྱུད་འཛམ་གླིང་འགྲན་རྩོད་ནང་རྒྱལ་ཁབ་གཞན་གྱི་རྗེས་སུ་མི་ལུས་པ་བྱེད་དགོས་པའི་དཔྱད་བརྗོད་གནང་འདུག


གསར་འགོད་པ། བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎