སྒྱུ་རྩལ་བ་ཨེ་ཝེ་ཝེ་ཇར་མི་ནེར་འགྲོ་བསྐྱོད་ཆོག་པའི་ཐོངས་མཆན་ཐོབ་པ།


2015.07.29
རྒྱ་ནག་གིས་ཨེ་ཝེ་ཝེ་ཡི་ཕྱི་བསྐྱོད་ལག་འཁྱེར་ཕྱིར་སློག་ རྒྱ་ནག་གིས་ཨེ་ཝེ་ཝེ་ཡི་ཕྱི་བསྐྱོད་ལག་འཁྱེར་ཕྱིར་སློག་པ། ༢༠༡༥།༧།༢༢
Ai weiwei

རྒྱ་ནག་གི་དེང་དུས་གྲགས་ཅན་སྒྱུ་རྩལ་བ་ཨེ་ཝེ་ཝེ་ལ་ཇར་མི་ནེར་འགྲོ་བསྐྱོད་ཆོག་པའི་ཐོངས་མཆན་ཐོབ་འདུག
དེ་ཡང་རྒྱ་ནག་གཞུང་ལ་སྐྱོན་བརྗོད་ཀྱི་རྣམ་འགྱུར་བཟུང་མཁན་རྒྱ་ནག་གི་དེང་དུས་སྒྱུ་རྩལ་བ་མཁས་ཅན་ཨེ་ཝེ་ཝེ་སྤྱི་ལོ་༢༠༡༡་ལོར་ཉིན་༨༡་རིང་དོ་དམ་བཀག་ཉར་འོག་ཚུད་པ་མ་ཟད། ཁོང་གི་ཕྱིར་བསྐྱོད་ལག་འཁྱེར་ཀྱང་ལོ་བཞི་ཙམ་གཞུང་བཞེས་བཏང་ཡོད་པ་རེད། འོན་ཀྱང་གཟའ་འཁོར་གོང་མར་རྒྱ་ནག་ཉེན་རྟོག་པའི་ཕྱོགས་ནས་འགྲེལ་བཤད་རིགས་གང་ཡང་མེད་པར་ཕྱིར་བསྐྱོད་ལག་ཁྱེར་ཁོང་ལ་ཕྱིར་སློག་བྱས་ཡོད་པ་རེད། ཁ་ས་ཚེས་༢༨་ཉིན་ཨེ་ཝེ་ཝེ་ཡིས་ཕ་རན་སིའི་ལས་ཁང་ལ་ཁོང་ལ་ཕྱིར་བསྐྱོད་ལག་ཁྱེར་གྱི་ཐོངས་མཆན་ཐོབ་སོང་ཞེས་བཤད་ཡོད་འདུག་པ་དང་། ཁོང་གི་བུ་ལོ་ན་དྲུག་ལ་སོན་པ་ཞིག་ད་ལྟ་ཇར་མི་ནེར་འཚོ་སྡོད་བྱེད་བཞིན་ཡོད་པ་རེད། གཟའ་འཁོར་སྔོན་མར་ཨེ་ཝེ་ཝེ་ལ་ཕྱིར་བསྐྱོད་ལག་ཁྱེར་ཕྱིར་སློག་བྱུང་རྗེས་དྲ་གནས་ཐོག་རྒྱ་ནག་གི་ཕྱིར་བསྐྱོད་ལག་ཁྱེར་ལག་ཏུ་བཟུང་བའི་འདྲ་པར་ཞིག་དང་མཉམ་དུ་དེ་རིང་ང་ལ་ཕྱིར་བསྐྱོད་ལག་ཁྱེར་ཐོབ་བྱུང་ཞེས་བཀོད་ཡོད་པ་རེད།
ཇར་མི་ནེའི་སྒྲ་སྐད་དྲ་གནས་ཐོག་བཀོད་པར། ཕྱིར་བསྐྱོད་ལག་ཁྱེར་ལ་ཐོངས་མཆན་རག་པ་ཙམ་གྱིས་ཨེ་ཝེ་ཝེ་རྒྱ་ནག་ནས་རང་དབང་ཐོག་ནས་ཕྱིར་བསྐྱོད་བྱེད་ཐུབ་མིན་ཐད་ད་ལྟའི་ཆར་གསལ་པོ་ཤེས་རྟོགས་བྱེད་མི་ཐུབ། གང་ལགས་ཤེ་ན། རྒྱ་ནག་གི་གཞུང་དང་ལྟ་ཚུལ་མི་མཐུན་མཁན་མི་སྣས་ལག་ཁྱེར་འཁྱེར་ནས་རྒྱ་ནག་ནས་ཁ་བྲལ་སྐབས་གནམ་ཐང་ནས་བཀག་ཉར་བྱས་པའི་གནས་ཚུལ་བྱུང་ཡོད་པ་དང་། ཡང་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་འགའ་ཞིག་སླར་རྒྱ་ནག་ཏུ་ཕྱིར་ལོག་མི་ཆོག་པ་བཟོས་ཡོད་པ་རེད། ཨེ་ཝེ་ཝེ་ཡིས་དེ་སྔ་པེ་ཅིན་ཨོ་ལེན་པིག་རྩེད་འགྲན་ཚོགས་རའི་བཟོ་བསྐྲུན་འཆར་བཀོད་བྱས་པ་ལས་རྒྱ་ནག་གུང་ཁྲན་ཏང་ལ་སྙན་གྲགས་བྱུང་ཡོད། འོན་ཀྱང་ཁོང་གིས་རྒྱ་ནག་གི་འགོ་ཁྲིད་ལ་སྐྱོན་བརྗོད་ཀྱི་རྣམ་འགྱུར་བཟུང་བ་མ་ཟད། འགྲོ་བ་མིའི་ཐོབ་ཐང་གི་བྱེད་སྒོར་ཡང་ཞུགས་རྐྱེན་རྒྱ་ནག་གཞུང་ཕྱོགས་ཀྱིས་ཁོང་ནི་མིག་ནང་གི་འཚེར་མ་ལྟ་བུར་བཟུང་སྟེ་ཁོང་གི་རིག་རྩལ་རྣམ་གྲངས་མང་པོ་ཞིག་རྒྱ་ནག་ནང་བཀག་སྡོམ་བྱས་ཡོད།     
ཟླ་༩ཚེས་༡༩་ཉིན་གོང་དུ་ཨེ་ཝེ་ཝེ་ཡི་འགྲེམས་སྟོན་དེ་དབྱིན་ཇིར་སྟོན་ཐུབ་རྒྱུར་དབྱིན་ཇིའི་གོང་མ་ཚང་གི་རིག་རྩལ་ལྷན་ཁང་གིས་རེ་བ་བྱེད་ཀྱི་ཡོད་པའི་སྐོར་བཀོད་འདུག

གསར་འགོད་པ་འཇམ་དཔལ་ཕུན་ཚོགས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎