གསར་འགྱུར་ཡིག་ཚགས།
2013-09-05
ཕྱི་ཟླ་༩ཚེས་༥ཉིན་བོད་རྒྱ་འབྲེལ་མོལ་ལས་དོན་ཆོགས་ཆུང་གི་ཚོགས་འདུ་ཐེངས་༢༦པ་དེ་སྐོང་ཚོགས་གནང་འདུག དེ་རིང་ནས་བཟུང་ཉིན་གསུམ་གྱི་ལྷན་ཚོགས་སྐབས། ད་ལྟའི་བོད་ནང་གི་གནས་སྟངས་ཐོག་བསྐྱར་ཞིབ་ཀྱིས་གོ་བསྡུར་གནང་རྒྱུ་མ་ཟད། བོད་རྒྱ་འབྲེལ་མོལ་གྱི་ཐབས་ལམ་སོགས་ཀྱི་སྐོར་བཀའ་སྡུར་གནང་གི་ཡོད་པ་རེད།
2013-09-04
རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་གསར་འཛུགས་ཀྱི་གསར་འགོད་ལྷན་ཚོགས།
2013-09-04
ཨིན་ཇིའི་ཕྱི་སྲིད་བློན་ཆེན་ནས་རྒྱ་གཞུང་ལ་སྒྲོལ་མ་སྐྱབས་ཀྱི་སྲོག་ཁྲིམས་ཆག་ཡང་ཡོང་ཆེད་རེ་སྐུལ་ཞུས།
2013-09-04
བཙན་བྱོལ་ནང་གི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ལྔས་འཛམ་གླིང་ནང་གི་ཡར་ཐོན་རྒྱལ་ཁབ་ཉི་ཤུའི་དབུ་ཁྲིད་ལ་བོད་ཀྱི་ཆེད་དུ་ཆིག་སྒྲིལ་གནང་དགོས་པའི་རེ་འབོད་ཞུས་པ།
2013-09-03
རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཐོག་མཁྱེན་རྩེ་རིན་པོ་ཆེའི་གློག་བརྙན་ཞིག་འགོ་སྟོན་མཛད་སྒོ་གནང་རྒྱུ།
2013-09-02
སྦེལ་ཇམ་ནང་ཡོ་རོབ་བོད་ཀྱི་མཞོན་ནུའི་གྲོས་ཚོགས་ཐེངས་གསུམ་པ་རྒྱལ་ཁའི་ངང་མཇུག་བསྒྲིལ་བ།
2013-08-31
ཐེ་དབན་གཞུང་གིས་དམག་དོན་དེང་རབས་ཅན་དུ་འགྱུར་རྒྱུའི་ཆེད་དུ་ཨ་རི་ནས་གོ་མཚོན་ལྡན་པའི་དམག་གྲུ་གཉིས་ཉོ་གྲུབ་བྱ་འཆར་ཡོད་པ།
2013-08-30
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་ལས་རིམ་ཁག ལག་ཐོག་ཁ་པར་ཐོག་ནས་གསན་རྒྱུར་ཁ་པར་ཨང་གྲངས་ 857 232 0112 མནན་པ་ཡིན་ན། ཨ་རིའི་ས་གནས་གང་ནས་ཡིན་ནའང་དཀའ་ངལ་མེད་པར་གསན་ཐུབ་ཀྱི་ཡོད་པ་དང་། དེར་དམིགས་བསལ་རིན་བབས་འཕར་མ་གང་ཡང་གནང་དགོས་ཀྱི་མེད་པས་དེ་དོན་གསན་མཁན་རྣམས་པ་ཚོས་དགོངས་འཇགས་ཞུ།
2013-08-30
ཤག་རོང་པོ་དགོན་པར་དམ་བསྒྲགས་སྔར་ལྷག་བྱེད་བཞིན་ཡོད་པས་མ་ཟད། མི་མང་པོ་འཇུ་བཟུང་བཀག་ཉར་བྱས་ཡོད་འདུག
2013-08-30
གཏེར་ཁ་སྔོག་འདོན་ལ་བཀག་འགོག་བྱས་ན། ཐད་ཀར་རྒྱ་གཞུང་གིས་འཛིན་བཟུང་བྱ་རྒྱུ་ཡིན་སྐོར་རྫ་ཆེན་རྫོང་ས་གནས་བརྙན་འཕྲིན་ཐོག་དྲིལ་བསྒྲགས་བྱས་བཞག
2013-08-30
སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཨ་རིའི་ནུབ་ཕྱོགས་ས་ཁུལ་ཁག་ཅིག་གི་ནང་བདུན་ཕྲག་གཅིག་ཙམ་གྱི་འཚམས་གཟིགས་དེ་ལེགས་གྲུབ་བྱུང་འདུག
2013-08-30
རྒྱ་གར་གྱི་ཨ་རུ་ཎ་ཅལ་པར་དེཤ་མངའ་སྡེའི་ཀོང་རེས་ཆབ་སྲིད་ཚོགས་པའི་མི་སྣ་ཁག་ཅིག་བཞུགས་སྒར་དྷ་རམ་ས་ལར་ཆེད་ཕེབས་འདུག
2013-08-28
མདོ་སྨད་རེབ་གོང་ཕྱོགས་ཀྱི་ན་གཞོན་གླུ་བ་ཤྭ་བོ་བཀྲ་ཤིས་ལགས་སུ་རྒྱ་ནག་གཞུང་གིས་ཁྲིམས་ཐག་བཅད་འདུག
2013-08-28
ངར་རྨི་ལམ་ཞིག་ཡོད་ཅེས་པའི་མིང་བྱང་འོག མར་ཊིན་ལུ་ཐར་ཀིང་མཆོག་ནས་ཨ་རིའི་ནང་གི་མི་རིགས་དབྱེ་འབྱེད་མེད་པ་བཟོས་དགོས་སྐོར་གསུངས་ནས་མི་ལོ་༥༠འཁོར་བ་དང་བསྟུན། ༧གོང་ས་མཆོག་ནས་དུས་རབས་༢༡པ་དེ་ཞི་བདེ་དང་ལྡན་པའི་འཛམ་བུ་གླིང་ཞིག་ཡོང་བའི་ཐུགས་རེ་གནང་ཡོད་པ་རེད། ཕྱོགས་མཚུངས་སྲིད་སྐྱོང་མཆོག་གིས་བོད་མི་རྣམས་ལ་རང་དབང་གི་རྨི་ལམ་ཡོད་སྐོར་གསུངས་འདུག
2013-08-27
རྒྱ་རིགས་ནས་ཁྲིམས་འགལ་ཐོག་རི་དྭགས་རྔོན་བརྒྱབ་པར་བོད་མིས་བཀག་འགོག་བྱེད་པར་བརྟེན། ཕན་ཚུན་འཁྲུག་འཛིང་ཤོར་འདུག