འཁྲུག་འཛིང་ཤོར་འདུག
2013.08.27

༄༅། །ཉེ་སྔོན་ཕྱི་ཟླ་༧ཚེས་༢༢དང་ཚེས་༢༣ཉིན་སོ་སོར་བོད་མཚོ་སྔོན་གོ་ལོག་ཁུལ་གྱི་ས་གནས་པདྨ་རྫོང་དང་། རྨར་ཁོག་ཆེན་པོ་ཞེས་པའི་ཤིང་ནགས་ཡོད་སའི་མངའ་ཁུལ་སོགས་ཀྱི་ཁུལ་རྒྱ་རིགས་རི་དྭགས་རྒྱག་མཁན་སླེབས་ནས་རྔོན་པ་བརྒྱབས་ཡོད་པ་རེད། རྔོན་རྒྱག་མཁན་དེ་ཚོས་དེ་ཁུལ་བོད་ཀྱི་རི་དྭགས་སེམས་ཅན་ཤ་བ་དང་གླ་བ་རྐྱངས་སོགས་རི་དྭགས་སེམས་ཅན་མང་པོ་ལྩགས་སྐུད་སོགས་ཀྱི་གཉེ་བཟོས་ནས་སེམས་ཅན་མང་པོ་རྔོན་བརྒྱབ་ནས་བསད་ཡོད་པ་པ་རེད། གནད་དོན་དེའི་ཐད་དེ་གར་ས་གནས་བོད་རིགས་མི་གྲངས་༢༠ཙམ་གྱིས་རྟོགས་ཞིབ་བྱས་ཏེ། རི་དྭགས་སེམས་ཅན་གསོད་མཁན་རྒྱ་རིགས་དེ་ཚོར་བོད་ཀྱི་རི་དྭགས་སེམས་ཅན་གསོད་མི་ཆོག་པ་དང་། དེ་ཡང་གཞུང་གིས་ཁོར་ཡུག་སྲུང་སྐྱོབ་བྱ་དགོས་པའི་བཀའ་རྒྱ་ཡོད་བཞིན་དུ་ཁྱོད་ཚོས་རི་དྭགས་སེམས་ཅན་གསོད་དགོས་དོན་ཅི་ཡིན་ཞེས་ཁོང་ཚོའི་དབར་འཁྲུག་འཛིང་ཤོར་ནས་གཞུ་རེས་བཏང་བའི་གནས་ཚུལ་ཞིག་བྱུང་ཡོད་པ་རེད།།