ཡོ་རོབ་བོད་ཀྱི་གཞོན་ནུའི་གྲོས་ཚོགས།
2013.09.02

༄༅།།ཡོ་རོབ་བོད་ཀྱི་གཞོན་ནུའི་གྲོས་ཚོཌ་ཐེངས་གསུམ་པ་དེ་ཉིན་གྲངས་གསུམ་རིང་སྦེལ་ཇམ་གྱི་གྲོང་ཁྱེར་Antwerp ནང་ཚོཌ་གནང་བ་དེས་རྒྱལ་ཆེའི་གྲོས་ཆོད་ཁག་ཅིག་བཞག་གནང་སྟེ་རྒྱལ་ཁའི་ངང་མཇུག་སྒྲིལ་གནང་འདུག ཡོ་རོབ་བོད་ཀྱི་གཞོན་ནུའི་གྲོས་ཚོཌ་ཐེངས་གསུམ་པ་དེ་བཞིན་སྦེལ་ཇམ་ས་གནས་བོད་ཀྱི་གཞོན་ནུའི་ལྷན་ཚོཌ་ཀྱི་གོ་སྒྲིཌ་འོག་གྲོང་ཁྱེར་Antwerp ནང་ཕྱི་ཟླ་༨་ཚེས་༣༠ནས་ཕྱི་ཟླ་༩་ཚེས་༡་ཉིན་བར་ཉིན་གྲངས་བཞིའི་རིང་འཚོཌ་པའི་ནང་ཡོ་རོབ་ཀྱི་རྒྱལ་ཁབ་མི་འདྲ་བ་དྲུག་ནས་འཐུས་མི་༧༠་ལྷག་ལྷན་ཞུཌ་གནང་ཡོད་འདུག ཕྱི་ཟླ་༨་ཚེས་༣༠་ཉིན་དང་པོ་ཡོ་རོབ་བོད་ཀྱི་གཞོན་ནུའི་གྲོས་ཚོཌ་ཐེངས་གསུམ་པ་དེ་བཞིན་བསངས་གསོལ་གནང་བའི་རྗེས་སུ་སྦེལ་ཇམ་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོཌ་ཀྱི་ཚོཌ་གཙོ་བློ་བཟང་བསྟན་པ་ལཌ་ཀྱིས་གསུང་བཤད་གནང་སྟེ་དབུ་འཛུཌ་གནང་བ་དང་དེའི་ཐོག་སྐུ་མགྲོན་གཙོ་བོ་སྦེལ་ཇམ་ནང་བཅའ་བཞུཌ་སྐུ་ཚབ་དོན་གཅོད་དངོས་གྲུབ་རྡོ་རྗེ་ལཌ་ཀྱིས་ཡོ་རོབ་བོད་ཀྱི་གཞོན་ནུའི་གྲོས་ཚོཌ་ཐེངས་དང་པོ་དང་གཉིས་པ་དྲན་སྐུལ་གནང་བ་སྦྲཌ་ བོད་པའི་གཞོན་སྐྱེས་རྣམས་ལ་འགན་འཁུར་ཆེན་པོ་ཡོད་སྐོར་སོཌ་བཀའ་སློབ་གནང་འདུག དེ་ནས་ཉིན་གྲངས་གཉིས་རིང་ཡོ་རོབ་ཁུལ་གྱི་རྒྱལ་ཁབ་འདྲ་མིན་ནས་ཆེད་བཅར་ཞུས་པའི་སྐུ་ཚབ་འཐུས་མི་རྣམས་ཀྱིས་བོད་དོན་འཐབ་རྩོད་ཀྱི་ལས་འགུལ་ཁག་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་ངང་ནས་སྤེལ་རྒྱུ་དང་རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་དང་རིག་གཞུང་བཅས་པ་རྩ་མེད་བཟོ་ཉེན་ཡོད་པའི་གནད་དོན་ཁག་གི་ཐོག་དགོངས་ཚུལ་བརྗེ་ལེན་དང་གྲོས་བསྡུར་ལྷུག་པོ་གནང་འདུག ད་རེས་ཀྱི་ཚོཌ་ཐེངས་དེའི་སྙིང་དོན་གཙོ་བོ་ཡང་ཆིག་སྒྲིལ་ཡིན་འདུག་ ཚོཌ་ཆེན་དེའི་ཐོག་བོད་དོན་འཐབ་རྩོད་ཀྱི་ལས་འགུལ་ཁག་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་ངང་ནས་སྤེལ་རྒྱུ་དང་བོད་ཀྱི་ཆོས་དང་རིག་གཞུང་ཆགས་འཇིག་གི་ཛ་དྲག་ཆེ་བའི་གནས་སྟངས་འདིའི་འོག་བོད་མི་ཡོངས་ནས་རིག་གཞུང་མཉམ་ཚོཌ་ཀྱི་བྱེད་སྒོ་གང་མང་སྤེལ་སྟེ་བོད་པའི་ངོ་བོ་རྒྱ་ཁྱབ་གཏོང་དགོས་པའི་གྲོས་ཆོད་ཀྱང་བཞག་གནང་སྟེ་ཕྱི་ཟླ་༩་པའི་ཚེས་༡་ཉིན་གོང་ཞུས་ཚོཌ་འདུ་དེ་རྒྱལ་ཁའི་ངང་རེ་ཞིག་མཇུག་སྒྲིལ་གནང་ཡོད་པའི་གནས་ཚུལ་འདུག།