མཁྱེན་བརྩེ་རིན་པོ་ཆེའི་གློག་བརྙན།
2013.09.03

༄༅༎འབྲུག་གི་རྫོང་གསར་འཇམ་དབྱངས་མཁྱེན་བརྩེ་རིན་པོ་ཆེ་མཆོག་གིས་བཟོས་གནང་བའི་གློག་བརྙན་ཞིག་ཨེ་ཤེ་ཡའི་ནང་གི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཆེ་ཤོས་ཤིག་གི་སར་འགོ་སྟོན་མཛད་སྒོ་གནང་གི་ཡོད་པའི་གནས་ཚུལ།
ཕྱི་ཟླ་༡༠་ཚེས་༣་ནས་ཚེས་༡༢་བར་ལྷོ་ཀོ་རི་ཡའི་གྲོང་ཁྱེར་ཆེ་ཤོས་གཉིས་པ་Busan གི་ནང་ཨེ་ཤེ་ཡའི་ཡུལ་གྲུ་ཁག་༧༠་ཙམ་ནས་གློག་བརྙན་གཟིགས་མོ་འདྲ་མིན་རྣམ་གྲངས་༣༠༡་ཙམ་གཟིགས་འབུལ་ཞུས་གནང་གི་ཡོད་པ་དེ་ཚོའི་རྩེ་གྲས་སུ་འབྲུག་ཡུལ་གྱི་རྫོང་གསར་འཇམ་དབྱངས་མཁྱེན་བརྩེ་རིན་པོ་ཆེ་མཆོག་གིས་བཟོ་བསྐྲུན་གནང་བའི་གློག་བརྙན་དེ་འགོ་འབྱེད་གནང་གི་ཡོད་པ་རེད།
ཨེ་ཤེ་ཡའི་ནང་གི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཆེ་ཤོས་ཤིག་དང་དེའང་ཐོིག་མ་སྤྱི་ལོ་༡༩༩༦་ལོར་ལྷོ་ཀོ་རི་ཡའི་གྲོང་ཁྱེར་Busan གི་ནང་རྒྱལ་སྤྱིའི་གློག་བརྙན་གཟིགས་མོའི་དུས་སྟོན་དེ་འགོ་ཚུགས་གནང་སྟེ་དེ་ནས་བཟུང་ལོ་ལྟར་དུས་སྟོན་དེ་ལྟར་གནང་བཞིན་ཡོད་པ་རེད།།