ཨེ་རླུང་གསན་ན་༨༥༧༢༣༢༠༡༡༢མནན།


2013.08.30
དགེ་འདུན་པ་ཁག་ཅིག་ནས་ཨེ་རླུང་གསན་བཞིན་པ།
Photo: RFA

༄༅།    །འཛམ་གླིང་གི་འཕྲུལ་ལས་འགྱུར་བགྲོད་ཆེན་པོ་འགྲོ་བཞིན་པའི་དུས་ཚོད་དང་བསྟུན།    ང་ཚོའི་རླུང་འཕྲིན་གསན་མཁན་རྣམ་པ་ཚོར་འདི་ག་ཨེ་ཤེ་རང་དབང་རླུང་འཕྲིན་ཁང་དང་། Audionow ཨོ་དྲི་ཡོ་ནའོི་ཞེས་པའི་ཚན་པ་གཉིས་ཟུང་སྦྲེལ་གྱི་ཐོག་ནས་ཕྱི་ལོ་ ༢༠༡༣ ཕྱི་ཟླ་དགུ་པའི་ཚེས་གསུམ་ནས་བཟུང་ཨ་མི་རི་ཀའི་ནང་།ལག་ཐོག་ཁ་པར་ཐོག་ནས་འདི་ག་རླུང་འཕྲིན་ཁང་གི་སྡེ་ཚན་དགུའི་རྒྱང་སྲིངས་རྣམས་ཐད་ཀར་གསན་ཐུབ་པའི་མཐུན་རྐྱེན་ཞིག་བསྐྲུན་གྱི་ཡོད། དེ་ཡང་ཨེ་ཤ་ཡ་རང་དབང་རླུང་འཔྲིན་ཁང་གི་འབྲེལ་ཡོད་ཚན་པའི་ཚོགས་གཙོ་གཞོན་པ་ John Estrella མཆོག་ནས་གསུངས་པར་ལྟར་ན། ཨོ་དྲེ་ཡོ་ནའོ་དང་ཟུང་སྦྲེལ་གྱི་ཐོག་ནས་ལག་ཐོག་ཁ་པར་བརྒྱུད་ཉན་ཐུབ་པའི་ཆ་རྐྱེན་དེས་སྡེ་ཚན་དེ་དག་གི་སྐད་གདངས་ནང་ཉན་མཁན་ཇེ་མང་དུ་འགྲོ་བའི་རེ་བ་ཆེན་པོ་ཡོད་ཅེས་གསུངས་འདུག དེ་དང་ཕྱོགས་མཚུངས་རྒྱལ་ས་ཝ་ཤིང་ཀྲོན་ནང་རྟེན་གཞི་བྱེད་པའི་ཨོ་དྲི་ཡོ་ནའོ་ཞེས་པའི་ཚན་པ་དེའི་འགན་འཛིན་Elan Blutinger ནས་ཀྱང་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ནི།    ཨེ་ཤེ་ཡའི་ཡུལ་གྲུའི་སྤྱི་ཚོགས་ནང་གནས་ཚུལ་མཁོ་སྤྲོད་བྱེད་མཁན་གྱི་རླུང་འཕྲིན་གཙོ་བོ་ཞིག་ཡིན་དུས།    ང་ཚོའི་ཚན་པའི་ངོས་ནས་ཟུང་སྦྲེལ་གྱི་བརྒྱུད་ལམ་འདི་བཞིན་ཉན་མཁན་རྣམས་ལ་མཐུན་འགྱུར་སྐྲུན་ཐུབ་པར་དགའ་ཚོར་ཆེན་པོ་ཡོད་ཅེས་གསུངས་ཡོད་པ་རེད།
སྤྱིར་བཏང་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་འདི་བཞིན་ཕྱི་ལོ་ ༡༩༩༦ ལོར་ཨ་མི་རི་ཀའི་གྲོས་ཚོགས་ཀྱི་མཐུན་འགྱུར་རོིགས་རམ་འོག    ཤར་ཨེ་ཤེ་ཡའི་ཡུལ་གྲུ་ཕྱི་ཕྱོགས་ཀྱི་གནས་ཚུལ་ཉན་རྒྱུར་དམ་བསྒྲགས་ཡོད་པའི་རྒྱལ་ཁབ་ཁག་གི་ནང་མི་མང་ལ་ཕྱིའི་གནས་ཚུལ་ཤེས་རྟོགས་ཐུབ་པའི་མཐུན་འགྱུར་ཆེད་དམིགས་བསལ་ཆེད་འཛུགས་གནང་བ་ཞིག་ཡིན་པ་དང་། དེའི་ཁོངས་སུ་བོད་སྐད་སྡེ་ཚན་ཡང་ཡིན་པ་རེད། བོད་སྐད་སྡེ་ཚན་ནས་ཉིན་ལྟར་དབུས་དང་།    ཨ་མདོ། ཁམས་བཅས་ཆོལ་ཁ་གསུམ་གྱི་སྐད་གདངས་ཀྱི་ཐོག་ནས་ཆུ་ཚོད་བཅུའི་རིང་བོད་དང་།    རྒྱ་ནག རྒྱལ་སྤྱིའི་གནད་དོན་དཔེར་ན།    འགྲོ་བ་མིའི་ཐོབ་ཐང་དང་། ཁོར་ཡུག སྤྱི་ཚོགས་ཀྱི་གནས་སྟངས་གོང་འཔེལ་གཏོང་ཐབས། དེ་བཞིན་རིག་གཞུང་སྲུང་སྐྱོབ་སོགས་ཀྱི་སྐོར་རླུང་འཕྲིན་དང་། དྲ་རྒྱ་སོགས་ཀྱི་བརྒྱུད་ལམ་ནས་ད་བར་རྒྱང་སྲིང་བྱེད་ནས་མང་ཚོགས་ལ་གོ་རྟོགས་སྤེལ་གྱི་ཡོད།    ད་རེས་ལག་ཐོག་ཁ་པར་ཐོག་ནས་ང་ཚོའི་གསར་འགྱུར་དང་ལས་རིམ་རྣམས་གསན་རྒྱུའི་གོ་སྐབས་གསར་པ་ཞིག་གསན་མཁན་རྣམ་པ་ཚོར་སྐྲུན་གྱི་ཡོད། ལག་ཐོག་ཁ་པར་ཐོག་ནས་གསན་རྒྱུར་ཁ་པར་ཨང་གྲངས་ 857 232 0112 མནན་པ་ཡིན་ན།    ཨ་རིའི་ས་གནས་གང་ནས་ཡིན་ནའང་དཀའ་ངལ་མེད་པར་གསན་ཐུབ་ཀྱི་ཡོད་པ་དང་། དེར་དམིགས་བསལ་རིན་བབས་འཕར་མ་གང་ཡང་གནང་དགོས་ཀྱི་མེད་པས་དེ་དོན་གསན་མཁན་རྣམས་པ་ཚོས་དགོངས་འཇགས་ཞུ།།

གལ་ཆེའི་གསལ་བརྡ།གལ་ཏེ་ལེ་ཚན་གསན་རྒྱུར་དཀའ་ངལ་འཕྲད་ཚེ་ཕྲལ་དུ་Audionowཡི་གློག་འཕྲིན་ཁ་བྱང་ support@audionow.com ལ་འབྲེལ་བ་གནང་རོགས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎