སྒྲོལ་མ་སྐྱབས་ཆེད་རེ་སྐུལ།

ཨིན་ཇིའི་ཕྱི་སྲིད་བློན་ཆེན་ནས་རྒྱ་གཞུང་ལ་སྒྲོལ་མ་སྐྱབས་ཀྱི་སྲོག་ཁྲིམས་ཆག་ཡང་ཡོང་ཆེད་རེ་སྐུལ་ཞུས།
ཨིན་ཇིའི་ཕྱི་སྲིད་བློན་ཆེན་ནས་རྒྱ་གཞུང་ལ་སྒྲོལ་མ་སྐྱབས་ཀྱི་སྲོག་ཁྲིམས་ཆག་ཡང་ཡོང་ཆེད་རེ་སྐུལ་ཞུས། (ཨེ་ཨེཕ་པི།)

༄༅༎ཕྱི་ཟླ་༨ཚེས་༡༥ཉིན་རྒྱ་ནག་གཞུང་གི་རྔ་བ་འབྲིང་རིམ་མི་དམངས་ཁྲིམས་ཁང་ཟེར་བས་སྒྲོལ་མ་སྐྱབས་ལགས་སུ་ལོ་གྲངས་༢༩ཡིན་པའི་རང་གི་བཟའ་ཟླ་དཀོན་མཆོག་དབང་མོ་བསད་པའི་ནག་ཉེས་བཙུགས་ནས་སྲོག་ཐོག་ཉེས་ཆད་བཏང་བའི་གནད་དོན་ཐད། ཟླ་བ་འདིའི་ཚེས་༢ཉིན་ཨིན་ཇིའི་གྲོས་ཚོགས་འོག་མའི་ངལ་རྩོལ་ཚོགས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་Nic Dakin ཀྱིས་ལོན་ཌོན་ནང་གི་བོད་དོན་རྒྱབ་སྐྱོར་ཚོགས་པ་Tibet Society ཡིས་འབོད་སྐུལ་འོག། དབྱིན་ཇིའི་ཕྱི་སྲིད་བློན་ཆེན་མཆོག་ལ་རྒྱ་གཞུང་གིས་སྒྲོལ་མ་སྐྱབས་ལ་སྲོག་ཁྲིམས་གཅོད་རྒྱུའི་ཁྲིམས་ཆད་བཏང་བའི་གནད་དོན་ཐད་བློ་འཚབ་ཀྱི་རྣམ་འགྱུར་འདོན་གནང་དགོས་པའི་རེ་འདུན་ཞུས་པ་ལྟར།གྲོས་ཚོགས་ནང་ཨིན་ཇིའི་ཕྱི་སྲིད་བློན་ཆེན་སྐུ་ཞབས་William Hague ཡིས་རྒྱ་ནག་གཞུང་ལ་སྒྲོལ་མ་སྐྱབས་ཀྱི་ཉེས་པ་ཆག་ཡང་གཏོང་རྒྱུའི་རེ་སྐུལ་གནང་བཞག།