ཚོགས་མི་དྲུག་གསར་འདེམས།


2013.09.05
བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་མི་གསར་རྙིང་བཅས་ཁྱོན་ཚོགས་མི་༢༢།
དབུས་བོད་མིའི་སྒྲིག་འཛུགས།

༄༅།    །དེ་ཡང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་ཐོག་སྤེལ་བའི་གནས་ཚུལ་ལྟར་ན།    དེ་རིང་ནས་བཟུང་ཉིན་གྲགས་གསུམ་གྱི་རིང་བཞུགས་སྒར་དྷ་རམ་ས་ལའི་བཀའ་ཤག་གི་ཚོགས་ཁང་དུ་སྐོང་ཚོགས་གནང་བཞིན་པའི་ཚོགས་འདུ་དེའི་ཐོག    སྔར་མེད་པའི་ཚོགས་མི་གསར་པ་དྲུག་ཕེབས་ཡོད་པ་རྣམས་བཀའ་བློན་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་དང་། བཀའ་ཟུར་བློ་བཟང་སྙན་གྲགས་མཆོག ཕྱི་དྲིལ་དྲུང་ཆེ་བཀྲ་ཤིས་ཕུན་ཚོགས་ལགས། སྤྱི་ཟུར་བསོད་ནམས་ཚེ་རིང་ཕར་སི་ལགས། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་གཞོན་པ་འཕགས་པ་ཚེ་རིང་ལགས། བྱང་ཨ་རིའི་གྲོང་ཁྱེར་ནིའུ་ཡོཀ་གི་རྒྱ་རིགས་འབྲེལ་མཐུད་པ་དྲུང་འཕར་ཀུན་དགའ་བཀྲ་ཤིས་ལགས་བཅས་ཡིན་འདུག
ད་རེས་ཀྱི་ཉིན་གྲངས་གསུམ་རིང་གི་ལྷན་ཚོགས་སྐབས་གཙོ་བོ།    ད་ལྟའི་བོད་ནང་གི་གནས་སྟངས་ཐོག་བསྐྱར་ཞིབ་ཀྱིས་གོ་བསྡུར་གནང་རྒྱུ་མ་ཟད། བོད་རྒྱ་འབྲེལ་མོལ་གྱི་ཐབས་ལམ་སོགས་ཀྱི་སྐོར་ལ་བཀའ་བསྡུར་གནང་གི་ཡོད་པ་རེད།
དེ་ཡང་བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་འདི་བཞིན་འཛུགས་རྒྱུའི་དགོས་དམིགས་གཙོ་བོ་ནི། འཚེ་མེད་ཞི་བའི་གྲོས་མོལ་གྱི་ལམ་ནས་བོད་ཀྱི་གནད་དོན་དེ་བཞིན་བོད་རྒྱ་མི་རིགས་ཕྱོགས་གཉིས་ཀའི་མོས་མཐུན་ཐོག་སེལ་རྒྱུའི་ཐབས་ལམ་དང་སྲིད་བྱུས་ཐོག་ལམ་སྟོན་རོགས་ཕན་ཡོང་ཆེད་ཡིན་པ་དང་།     བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་འདུ་ཐེངས་དང་པོ་དེ་ཕྱི་ལོ་ ༡༩༩༩ ལོར་ཚོགས་ཡོད་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎