ཆབ་སྲིད་ཚོགས་མི་དྷ་སར་ཕེབས།
2013.08.30

༄༅། །དེའང་དེ་རིང་བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་ཐོག་གནས་ཚུལ་བཀོད་པར་གཞིགས་ན། རྒྱ་གར་ཆབ་སྲིད་ཚོགས་པ་ National People’s Congress ཞེས་པའི་རྒྱལ་ཡོངས་མི་དམངས་ཀྱི་ཀོང་རེས་ཚོགས་པས་ལྡི་ལིར་ལྷན་ཚོགས་ཤིག་གནང་ཡོད་པ་རེད། ལྷན་ཚོགས་དེ་གྲུབ་མཚམས་ཨ་རུ་ན་ཅལ་ཁུལ་གྱི་ཚོགས་མི་གྲངས་ ༤ སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཇལ་ཁ་ཞུ་རྒྱུས་མཚོན་ཕྱི་ལོ་ ༢༠༡༣ ཟླ་ ༨ ཚེས་ ༢༨ དང་ ༢༩ ཉིན་གཉིས་རིང་བཞུགས་སྒར་དྷ་རམ་ས་ལར་ཆེད་ཕེབས་གནང་ཡོད་པ་རེད། ད་རེས་ཀྱི་འཚམས་གཟིགས་དེའི་སྐབས་རྒྱ་གར་ཆབ་སྲིད་ཚོགས་པའི་སྐུ་ཚབ་འཐུས་མི་རྣམས་ནས་ཕྱི་ཚེས་ ༢༩ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་ཚོགས་གཞོན་དང་ལྷན་དུ་མཇལ་མོལ་གནང་ཡོད་པས་མ་ཚད། ཕྱི་དྲིལ་བཀའ་བློན་མཆོག་དང་དྲུང་ཆེ་བཅས་ཀྱང་མཇལ་འཕྲད་གནང་བའི་གནས་ཚུལ་འདུག འོན་ཀྱང་སྐུ་ཚབ་འཐུས་མི་རྣམས་ནས་༧གོང་ས་མཆོག་གི་མཇལ་ཞུས་མིན་དང་། བཀའ་མོལ་གང་བྱུང་མིན་གྱི་སྐོར་ལ་གནས་ཚུལ་གང་ཡང་མིན་འདུག།