གསར་འགྱུར་ཡིག་ཚགས།
2022-11-11
ལྕམ་ནན་སི་པེལོ་སི་མཆོག་གིས་བོད་ཅེས་གསན་མ་ཐག་བོད་མིའི་སྐུ་ཚབ་སར་ཕེབས་ནས་ཞུ་གཏུག་གི་ཡིག་ཆ་བཞེས་གནང་ཡོད་པ།
2022-11-11
སྲིད་སྐྱོང་མཆོག་གིས་མོན་ཡུལ་མི་མང་དང་དབུས་བོད་མིའི་སྒྲིག་འཛུགས་དབར་གྱི་འབྲེལ་ལམ་སྔར་ལྷག་དམ་ཟབ་གཏོང་རྒྱུ་གལ་ཆེ་ཡིན་པ་གསུངས་ཡོད་པ།
2022-11-10
སྟོད་ལུང་གདོང་དཀར་ཁུལ་དང་འབྲས་སྤུངས་དགོན་པའི་ཉེ་འདབས་ས་ཁུལ་དུ་བཀག་བསྡོམས་བྱས་ཏེ་ཉིན་གྲངས་༨༩འགྲོ་བཞིན་ཡོད་ན་ཡང་། སྔར་བཞིན་དམ་དྲགས་དང་ལྟ་སྲུང་འོག་ཡོད་པ།
2022-11-09
ལྷོ་ཨ་མི་རི་ཀའི་སྐུ་ཚབ་དོན་གཅོད་འཇིགས་མེད་ཚེ་རིང་ལགས་ཀྱིས་ལྷོ་ཨ་མི་རི་ཀའི་ཆི་ལེའི་རྒྱལ་ཁབ་ཀྱི་གྲོས་ཚོགས་འོག་མའི་ཚོགས་གཙོ་དང་མཇལ་འཕྲད་གནང་འདུག་ལ་མེཀ་སི་ཀོ་རྒྱལ་ཁབ་ནང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་བཙུགས་གནང་འདུག
2022-11-09
རྒྱལ་ཁབ་ཁག་ཅིག་གིས་བོད་དེ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆ་ཤས་རེད་ཟེར་བཞིན་པ་ནི་རྒྱལ་སྤྱིའི་ཁྲིམས་དང་འགལ་གྱི་ཡོད་པ་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་ཀྲུ་ཀྲིང་ས་གནས་མང་ཚོགས་ལ་གསུང་བཤད་གནང་སྐབས་གསུངས་འདུག
2022-11-09
ཞི་ཅིན་ཕིན་གྱིས་སྣེ་ཁྲིད་པའི་རྒྱ་ནག་གཞུང་གིས་༧གོང་ས་མཆོག་དང་གཞིས་བཞུགས་བོད་མིའི་བར་འབྲེལ་ལམ་གཅོད་རྒྱུའི་སྲིད་བྱུས་སྣ་ཚོགས་གཏིང་བཞིན་ཡོད་པ་འབྲེལ་ཡོད་བོད་གནས་ཉམས་ཞིབ་པས་འགྲེལ་བརྗོད་གནང་བྱུང་།
2022-11-09
ཁོ་རང་ལ་ད་ལན་༸གོང་ས་མཆོག་གིས་མཇལ་ཁ་གནང་བ་དང་ཆབས་ཅིག་ཏུ། སཾ་སྐྲི་ཏ་དང་པཱ་ལི་ཆོས་བརྒྱུད་ཀྱི་བར་གོ་རྟོགས་སྤེལ་རེས་དང་དགེ་སློང་མའི་སྡོམ་རྒྱུན་སླར་གསོ་ལ་འབད་བརྩོན་ཡོང་ཐབས་ཀྱི་ལམ་སྟོན་སྩལ་བ་འགྲེལ་བརྗོད་གནང་གི་འདུག
2022-11-08
སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་ཀྲུ་ཀྲིང་ཁུལ་དུ་འཕགས་བོད་ས་མཚམས་ཀྱི་བོད་མིའི་གཞིས་ཆགས་ཁག་ལ་གཟིགས་ཞིབ་འགྲུབ་ནས་བསྟན་འཛིན་སྒང་བོད་མིའི་གཞིས་ཆགས་སུ་གཟིགས་ཞིབ་གནང་བཞིན་འདུག
2022-11-08
རྒྱ་ནག་གཞུང་གིས་བོད་ནང་ལྟ་ཞིབ་ཀྱི་དྲྭ་ལམ་ཤུགས་ཆེ་རུ་གཏོང་རྒྱུའི་ཆེད་བོད་ཀྱི་རྒྱལ་ས་ལྷ་སར་གནས་བསྡུས་དཔྱད་གཞིའི་ལྟེ་གནས་གསར་བཙུགས་བྱེད་ཀྱི་ཡོད་འདུག
2022-11-08
ཌན་མརྐ་རྒྱལ་ཁབ་ཀྱི་སློབ་ཕྲུག་ཚོ་ཁག་ཅིག་ལ་༧གོང་ས་མཆོག་གིས་ནང་སེམས་ཀྱི་ཞི་བདེ་དང་ཁོང་ཁྲོའི་ཉེས་དམིགས་སོགས་བཀལ་བསྩལ་བར་ཕན་ཐོགས་ཆེན་པོ་བྱུང་བ་སློབ་ཕྲུག་ཚོ་ཁག་དེའི་སྣེ་ཁྲིད་དགེ་རྒན་གྱིས་འགྲེལ་བརྗོད་གནང་བྱུང་།
2022-11-08
རྒྱུ་མཚན་དང་རིག་ལམ་གཙོ་བོ་བཟུང་ཡོད་པར་རྟེན། རིག་པའི་ལམ་ནས་གཏན་ལ་འབེབས་རྒྱུ་ཡོད་པའི་ནང་ཆོས་ལ་སློབ་གཉེར་བྱེད་མཁན་ཚོས་སེམས་ནང་སྤོབས་པ་སྐྱེ་དགོས་ཅེས་བཀའ་བསྩལ་འདུག
2022-11-08
སྨན་པར་བསྟེན་གཏུག་ཡག་པོ་བྱེད་མ་བཅུག་པ་སོགས་ཀྱིས་འདི་ལོའི་ཕྱི་ཟླ་༩་ནས་ནད་གཅོང་ཇེ་སྡུག་ཏུ་ཕྱིན་ནས་ཕན་འབྲས་མ་སོན་པར་འདས་གྲོངས་སུ་ཕྱིན་ཡོད་སྐོར། བཙན་བྱོལ་ནང་ཡོད་པའི་འབྲེལ་ཡོད་བོད་མི་གཉིས་ནས་འགྲེལ་བརྗོད་གནང་བྱུང་།
2022-11-07
བོད་ཀྱི་རྒྱལ་ས་ལྷ་སའི་ནང་གི་ས་ཁུལ་མང་ཆེ་བའི་ཁྱིམ་སྡོད་བཀག་རྒྱ་ཉིན་གྲངས་༨༦རྗེས་གློད་འགོ་ཚུགས་ཡོད་པ་དང་བོད་མི་མང་པོ་གནས་ཡུལ་ཟི་ལིང་གྲོང་ཁྱེར་དུ་ཏོག་དབྱིབས་ནད་ཡམས་འགོས་བའི་ནད་པ་༧༠གསར་དུ་འཕར་འདུག
2022-11-07
ས་མཚམས་ཁུལ་གྱི་བོད་མི་ཚོས་བོད་ནང་དང་མཐའ་མཚམས་ཀྱི་གནས་ཚུལ་ཤེས་རྟོགས་བྱུང་པ་རྣམས་རྒྱ་གར་གྱི་འབྲེལ་ཡོད་ལས་ཁུངས་ལ་བཤད་ཐུབ་ན་ང་ཚོ་རྒྱ་གར་ནང་བཙན་བྱོལ་དུ་བསྡད་པའི་ལས་འགན་ཞིག་བསྒྲུབ་པ་རེད་ཅེས་སྲིད་སྐྱོང་མཆོག་གིས་གསུང་འདུག
2022-11-07
འཛམ་གླིང་གི་འབྱོར་ལྡན་རྒྱལ་ཁབ་བདུན་གྱི་ཕྱི་འབྲེལ་བློན་ཆེན་ཚོས་བོད་སོགས་གྲངས་ཉུང་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་མུ་མཐུད་ནས་དོ་ཁུར་བྱེད་རྒྱུ་དང་། པེ་ཅིང་གཞུང་གིས་ཞི་བདེ་ཐབས་ལམ་ལ་བརྟེན་ནས་ཐེ་ཝན་མཚོ་འགག་གི་གནད་དོན་ཐག་གཅོག་བྱེད་དགོས་ཞེས་འབོད་སྐུལ་ཞུས་འདུག