གསར་འགྱུར་ཡིག་ཚགས།
2025-02-25
ཨ་རི་དང་རྒྱ་ནག་གཉིས་ཀྱི་འབྲེལ་བའི་ཐད་གྲོས་ཚོགས་ཀྱི་ངོས་ནས་གདོང་ལེན་གནང་ཕྱོགས་ཐད་བགྲོ་གླེང་སྐབས་ཨ་རི་གཞི་རྩའི་རྩ་འཛིན་ལ་ངེས་པར་དུ་གནས་ཐུབ་པ་དགོས་བ་གསུངས་སོང་།
2025-02-25
རྒྱ་ནག་གཞུང་གིས་ཤར་ཏུར་ཀི་སི་ཐན་གྱི་ཨ་ཁི་སུའུ་སློབ་གྲྭའི་དགེ་རྒན་ཉི་ཤུ་ལྷག་འཛིན་བཟུང་བྱས་ཡོད་པ་རྣམས་ལ་བཙོན་འཇུག་ཁྲིམས་ཐག་བཅད་འདུག
2025-02-25
རྒྱ་ནག་གི་རྒྱ་བསྐྱེད་རིང་ལུགས་ཀྱི་དབང་ཤུགས་འགོག་ཐབས་ཆེད་ཉི་ཧོང་དང་ཧྥི་ལི་ཕིན་གཉིས་ཀྱིས་དམག་དོན་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་གི་ཡོད་འདུག
2025-02-25
རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱིས་ཨ་མི་རི་ཀ་དང་ཨུ་རུ་སུའི་འབྲེལ་ལམ་ཇེ་བཟང་དུ་ཕྱིན་པའི་སྐབས་འདིར་རྒྱ་ནག་དང་ཨུ་རུ་སུའི་འབྲེལ་བ་བརྟན་པོ་ཡིན་སྐོར་གསལ་སྟོན་བྱས་འདུག
2025-02-25
༸རྒྱལ་བའི་སྐུ་ཕྱྭ་དང་བོད་བསྟན་སྲིད་སྤྱིའི་བདེ་ཐབས་ཆེད་རྫོང་དཀར་ཆོས་སྡེ་དགའ་ལྡན་འཕེལ་རྒྱས་གླིང་དུ་གཡག་བཟང་དུ་གྲགས་པའི་དགུ་གཏོར་གར་འཆམ་བསྐྱོན་ཡོད་པའི་ཐོག་སྐུ་མགྲོན་གཙོ་བོར་བོད་མིའི་སྒྲིག་འཛུགས་ཀྱིས་སྲིད་སྐྱོང་ལྷན་བཞུགས་གནང་བ།
2025-02-25
ཕྱི་ལོ་ ༢༠༢༣ ནས་ལ་དྭགས་བློ་སྟོབས་རྩེད་རིགས་ཐེབས་རྩ་ཚོགས་པས་འགོ་འཛུགས་ཞུས་པའི་ལ་དྭགས་དགུན་དུས་སུ་འཁྱགས་རོམ་རྒྱང་རྒྱུགས་འགྲན་བསྡུར་ཐེངས་གསུམ་པ་འདི་ལོའི་ཕྱི་ཟླ་ ༠༢ ཚེས་ ༢༤ ནས་ ༢༥ བར་འཚོགས་ཡོད་པ་དང་། སྐབས་དེར་ལ་རྒྱང་རྒྱུགས་ཀི་ལོ་མི་ཊར་ ༥༥ ཅན་དེར་དྭགས་བསོད་ནམས་གླིང་གཞིས་ཆགས་ཀྱི་གཞིས་མི་ན་གཞོན་བློ་བཟང་མཐར་ཕྱིན་ལགས་སུ་ཨང་རིམ་གསུམ་པ་དང་། རྒྱང་རྒྱུགས་ཀི་ལོ་མི་ཊར་ ༢༡ ཅན་ལ་བོད་མི་རྣམ་རྒྱལ་ཚེ་རིང་ལགས་སུ་ཨང་རིམ་གསུམ་པ་སོན་འདུག
2025-02-25
རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་གི་བློ་བཟང་གཡང་མཚོ་ལགས་ནས་ནས་ཐེ་ལྦན་དུ་རྒྱ་ནག་གཞུང་གིས་བོད་ནང་སྤེལ་བཞིན་པའི་བཅའ་སྡོད་སློབ་གྲྭ་དང་། ཁོར་ཡུག་གཏོར་སྐྱོན། རིག་གཞུང་རྩ་གཏོར་སོགས་ཀྱི་སྲིད་བྱུས་གོ་རྟོགས་ཀྱི་བོད་དོན་ཞུ་གཏུག་གནང་འདུག
2025-02-25
མ་འོངས་བོད་དོན་དང་འབྲེལ་བའི་འགྲེམས་སྟོན་སོགས་ཀྱི་སྐབས། བོད་རིགས་ཚོགས་པ་དང་བོད་ཀྱི་ལོ་རྒྱུས་དང་རིག་གཞུང་ཆེད་མཁས་པ་རྣམས་ཀྱི་ལམ་སྟོན་ཞུ་རྒྱུ་ཡིན་ཞེས་འཁོད་འདུག
2025-02-25
རྒྱ་ནག་གཞུང་གིས་བོད་རིགས་ལས་བྱེད་པ་གཉིས་ནས་ཁྲིམས་སྒྲིག་དང་འགལ་བའི་ལས་ཀ་ཚབས་ཆེན་བྱས་ལུགས་ཀྱི་སྐྱོན་བཙུགས་ཏེ། ཡུན་ནན་བདེ་ཆེན་གྱི་ཁུལ་གཙོ་དང་ཁུལ་གཙོ་གཞོན་པ་ཟུར་པ་གཉིས་ཏང་གི་སྒྲིག་ཁོངས་ནས་ཕྱིར་ཕུད་དང་ཞིབ་བཤེར།
2025-02-24
རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་༥༨པ་དབུ་འཛུགས་དང་བསྟུན། རྒྱ་ནག་གཞུང་གིས་མུ་མཐུད་དུ་བོད་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་གི་འདུག་ཅེས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་དུ་བོད་མི་ཚོས་ངོ་རྒོལ་སྐད་འབོད་གནང་འདུག
2025-02-24
རྒྱ་ནག་བཅིངས་གྲོལ་དམག་གི་གནམ་གྲུ་དང་མཚོ་དམག་གྲུ་གཟིངས་ཐེ་ཝན་མཚོ་གླིང་གི་ལྷོ་ནུབ་ས་མཚམས་བརྒལ་ནས་སྐོར་གཡེང་བྱས་ཡོད་པ་ཐེ་ཝན་རྒྱལ་སྲུང་བློན་ཆེན་ལས་ཁུངས་ཀྱིས་གནས་ཚུལ་བསྒྲགས་འདུག
2025-02-24
བོད་མིའི་སྒྲིག་འཛུགས་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ནས་བཀའ་ཤག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་བཞེད་དང་མཐུན་ཞིང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གཏན་ལ་ཕབ་པའི་སྲིད་བྱུས་གཞིར་བཟུང་ཕྱག་ལས་གནང་བཞིན་ཡོད་སྐོར་སྦེལ་ཀོབ་ལུགས་བདེ་གཞིས་ཁོངས་གཉིས་ཀྱི་མང་ཚོགས་ལ་གསུང་སོང་།
2025-02-24
འདི་ཚེས་ ༢༤ ཉིན་གྱི་སྔ་དྲོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གློ་སྨོན་ཐང་གི་ཡུལ་མི་༥༡གཙོས་པའི་ཕྱི་རྒྱལ་ཡུལ་གྲུ་ཁག་གི་དད་ལྡན་པ་ཁྱོན་མི་གྲངས་༡༦༠ཙམ་ལ་་མཇལ་ཁ་སྩལ་བ།
2025-02-24
རྒྱ་ནག་གཞུང་གིས་ལོ་མང་རིང་བོད་ནང་གི་བོད་མིའི་གཞི་རྩའི་རང་དབང་ལ་རྡོག་རོལ་ཚབས་ཆེ་གཏོང་བཞིན་ཡོད་པ་མ་ཟད། རྒྱ་ནག་གཞུང་གི་བཙན་གནོན་ལ་མ་བཟོད་པར་ཕྱི་རྒྱལ་རང་དབང་ལུང་པར་བྲོས་བྱོལ་དུ་ཕེབས་པའི་བོད་མི་རྣམས་ལའང་རྒྱ་ནག་གཞུང་གིས། བོད་མི་དེ་དག་གི་ཉིན་རེའི་འཚོ་བའི་བྱ་གཞག་ཁག་ལ་སོ་ལྟ་དང་སྨྲ་བརྗོད་རང་དབང་སོགས་ལ་དབང་འཛིན་སོགས་བྱེད་བཞིན་པ་ནི། ལོ་རེ་བཞིན་ཤུགས་ཆེར་འགྲོ་བཞིན་པས་བོད་མི་འཐབ་རྩོད་པ་རྣམས་ནས་རྒྱ་ནག་གི་རྒྱལ་མཚམས་བརྒལ་བའི་དྲག་གནོན་གྱི་སྲིད་བྱུས་ལས་ཕྱི་རྒྱལ་གནས་སྡོད་བོད་མི་རྣམས་སྲུང་སྐྱོབ་དགོས་སྐོར་འབོད་སྐུལ་ཞུ་བཞིན་ཡོད།