༸རྒྱལ་བའི་སྐུ་ཕྱྭ་དང་བོད་བསྟན་སྲིད་སྤྱིའི་བདེ་ཐབས་ཆེད་རྫོང་དཀར་ཆོས་སྡེ་དགའ་ལྡན་འཕེལ་རྒྱས་གླིང་དུ་གཡག་བཟང་དུ་གྲགས་པའི་དགུ་གཏོར་གར་འཆམ།

2025.02.25
༸རྒྱལ་བའི་སྐུ་ཕྱྭ་དང་བོད་བསྟན་སྲིད་སྤྱིའི་བདེ་ཐབས་ཆེད་རྫོང་དཀར་ཆོས་སྡེ་དགའ་ལྡན་འཕེལ་རྒྱས་གླིང་དུ་གཡག་བཟང་དུ་གྲགས་པའི་དགུ་གཏོར་གར་འཆམ། རྫོང་དཀར་ཆོས་སྡེ་དགའ་ལྡན་འཕེལ་རྒྱས་གླིང་དུ་གཡག་བཟང་དུ་གྲགས་པའི་དགུ་གཏོར་གར་འཆམ་སྐབས། ༢༠༢༥།༠༢།༢༥ ཉིན།
RFA/ Pema Ngodup

ཟླ་བ་འདིའི་ཚེས་ ༢༥ ཉིན། རྒྱ་གར་ལྷོ་ཕྱོགས་ཧོན་སུར་རབ་རྒྱས་གླིང་རྫོང་དཀར་ཆོས་སྡེ་དགའ་ལྡན་འཕེལ་རྒྱས་གླིང་གྲྭ་ཚང་དུ། གྲྭ་ཚང་དེ་ཉིད་ཀྱི་དུས་རབས་ ༡༤ ནང་བླ་ཆེན་ཆོས་དཔལ་བཟང་པོས་གསོལ་གཏོད་མཛད་པའི་གཡག་བཟང་དུ་གྲགས་པའི་དགུ་གཏོར་གར་འཆམ་གནང་ཡོད་པ་རེད། གར་འཆམ་དེ་བཞིན་དེ་སྔ་དམག་ཟློག་ཆེད་གཙོ་བོར་དམིགས་པ་ཞིག་ཡིན་འདུག་ཀྱང་། ཐེངས་འདིར་༸རྒྱལ་བའི་སྐུ་ཕྱྭ་དང་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས། བོད་བསྟན་སྲིད་སྤྱིའི་བདེ་ཐབས་སུ་དམིགས་པ་ཞིག་ཡིན་ཞེས། རྫོང་ཆོས་གྲྭ་ཚང་གི་མཁན་རིན་པོ་ཆེ་ཐུབ་བསྟན་ཚེ་རིང་ལགས་ཀྱིས་འདི་ག་རླུང་འཕྲིན་ཁང་ལ་གསུངས་བྱུང་།

IMG_7230.PNG
རྫོང་དཀར་ཆོས་སྡེ་དགའ་ལྡན་འཕེལ་རྒྱས་གླིང་དུ་གཡག་བཟང་དུ་གྲགས་པའི་དགུ་གཏོར་གར་འཆམ་སྐབས། ༢༠༢༥།༠༢།༢༥ ཉིན།

ཐེངས་འདིའི་རྫོང་དཀར་ཆོས་སྡེ་གྲྭ་ཚང་གི་དགུ་གཏོར་གར་འཆམ་དེའི་ཐོག བླ་ཆེན་ཆོས་དཔལ་བཟང་པོ་ཡི་དམ་རྡོ་རྗེ་འཇིགས་བྱེད་གཡག་གི་གཟིགས་སྣང་ལ་བྱུང་བའི་ཡི་དམ་གཡག་གི་གཟུགས་ཅན་དང་། བོད་སྤྱིའི་སྲུང་མ་དཔལ་ལྡན་ལྷ་མོ་དང་དམ་ཅན་ཆོས་རྒྱལ་མོ་འཁོར་བཅས། རྫོང་ཆོས་གྲྭ་ཚང་གི་སྲུང་མ་གཙོ་བོ་མགོན་པོ་སྐྲག་ཤེད་ཀྱི་མཚོན་པའི་འཆམ་སྣ་བཅུ་གྲངས་ཤིག་བསྐྱོན་གནང་གི་ཡོད་པ་རེད་འདུག་ལ། འཆམ་པ་རྣམ་པས་སྒྲུབ་གཞག་སྔོན་དུ་སོང་བའི་སྒོ་ནས་གར་འཆམ་བསྐྱོན་གྱི་ཡོད་དུས་འཆམ་མཇལ་མཁན་ཚོ་ལ་རྐྱེན་ངན་བར་ཆད་ཟློག་རྒྱུའི་དགེ་མཚན་ཡོད་པ། མཁན་རིན་པོ་ཆེ་མཆོག་གིས་མུ་མཐུད་གསུངས་གནང་བྱུང་།IMG_7226.PNG

དེ་རིང་གྲྭ་ཚང་དུ་གཡག་བཟང་དང་དཔལ་ལྡན་ལྷ་མོ་མཚོན་པའི་འཆམ་སྣ་གཙོ་བོ་ཁག་བསྐྱོན་པའི་སྐབས། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་དང་ཕྱོགས་བཞུགས་བོད་མི་མང་སྤྱི་འཐུས་ལས་ཟུར་དང་སྦེང་ལོར་ལྷོ་སྤྱི། ས་གནས་ཀྱི་ལས་སྣེ་གཙོས་པའི་རབ་རྒྱས་གླིང་གཞིས་ཁུངས་བོད་མི་རྒན་གཞོན་བར་གསུམ་དང་ཕྱོགས་མཐའ་ནས་བོད་མི་མི་ཉུང་བ་ཞིག་གར་འཆམ་མཇལ་ཁར་བཅར་འདུག་ལ། ཕྱི་དྲོར་རྫོང་ཆོས་གྲྭ་ཚང་གི་དགུ་གཏོར་གར་འཆམ་གྲུབ་མཚམས་སུ་ལིང་དགྲ་ཆོག་དང་འབྲེལ་བའི་སྒོ་ནས་དགུ་གཏོར་གྱི་གཏོར་གཟོར་འཕེན་གྱི་ཡོད་པ་རེད་འདུག

གསར་འགོད་པ། པདྨ་དངོས་གྲུབ།

རྩོམ་སྒྲིག་པ། བསྟན་འཛིན་བསྟན་སྐྱོང་།

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎