རྒྱ་ནག་གཞུང་གིས་ཡུན་ནན་བདེ་ཆེན་གྱི་ཁུལ་གཙོ་དང་ཁུལ་གཙོ་གཞོན་པ་ཟུར་པ་བོད་རིགས་འགོ་ཁྲིད་གཉིས་ཏང་གི་སྒྲིག་ཁོངས་ནས་ཕྱིར་ཕུད་དང་ཞིབ་བཤེར་བྱེད་བཞིན་པ།

2025.02.25
རྒྱ་ནག་གཞུང་གིས་ཡུན་ནན་བདེ་ཆེན་གྱི་ཁུལ་གཙོ་དང་ཁུལ་གཙོ་གཞོན་པ་ཟུར་པ་བོད་རིགས་འགོ་ཁྲིད་གཉིས་ཏང་གི་སྒྲིག་ཁོངས་ནས་ཕྱིར་ཕུད་དང་ཞིབ་བཤེར་བྱེད་བཞིན་པ། བོད་རིགས་འགོ་ཁྲིད་གཉིས། ཟླ་ཚེས་མི་གསལ།
ICT

རྒྱ་ནག་གཞུང་འབྲེལ་གྱི་བརྒྱུད་ལམ་ཁག་ནང་ཟླ་ ༢ པའི་ཚེས་ ༢༣ ཉིན་ཕྱིར་བསྒྲགས་བྱས་པ་གཞིར་བཟུང་ན། རྒྱ་ནག་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་དེ་སྔའི་ཁུལ་གཙོ་Qi་Jianxinདང་ཁུལ་གཙོ་གཞོན་པ་བྱང་ཆུབ་ཟེར་བ་གཉིས། ཡུན་ནན་ཞིང་ཆེན་གྱི་ཆེས་མཐོའི་སྒྲིག་ཁྲིམས་ཞིབ་བཤེར་ལྷན་ཁང་གིས་ཞིབ་བཤེར་བརྒྱུད། བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་ཁུལ་གཙོ་ཟུར་པ་ཆི་ཅའན་ཤིན་ཟེར་བ་དེས། ཁོ་རང་གི་རྩ་དོན་དང་བསམ་བློ། དམིགས་ཡུལ་བཅས་དོར་ནས་ཏང་ལ་བློ་མི་དཀར་བ་དང་ལྷག་བསམ་རྣམ་དག་མིན་པར། ཁྲིམས་སྒྲིག་དང་འགལ་ཚབས་ཆེན་པོའི་སྒོ་ནས་ལྐོག་རྔན་བླངས་པ་དང་གོ་གནས་བེད་སྤྱོད་ཀྱིས་རང་གི་ཁེ་ཕན་སྒྲུབ་པ། ཁྲིམས་འགལ་གྱི་ལམ་ནས་ས་ཆ་རྒྱ་ཆེ་རང་གི་མིང་ཐོག་ཏུ་བླངས་པའི་དོགས་ཡོད་ཉེས་འཛུགས་བྱས་པ་དང་ཕྱོགས་མཚུངས། ཁོ་རང་རྒྱ་ནག་དམར་ཕྱོགས་ཚོགས་པའམ་གུང་ཁྲན་ཏང་གི་སྒྲིག་ཁོངས་ནས་ཕྱིར་ཕུད་ཟིན་པ་དང་། ལྐོག་རྔན་གྱི་དོགས་གཞི་ཡོད་པའི་རྒྱུ་ཅ་ལག་ཐམས་ཅད་གཞུང་བཞེས་ཀྱིས། ཞིབ་བཤེར་ཟིན་འཕྲལ་ཁྲིམས་སྒྲིག་ལྟར་ཐག་གཅོད་བྱ་ངེས་ཡིན་པ་ཕྱིར་བསྒྲགས་བྱས་འདུག་ཅིང་། དེ་བཞིན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་རྒྱུན་ལས་འཐུས་མི་ཟུར་པ་དང་རང་སྐྱོང་ཁུལ་གྱི་ཁུལ་གཙོ་གཞོན་པ་ཟུར་པ་བྱང་ཆུབ་ཟེར་བ་ནས་ཀྱང་། ཁྲིམས་འགལ་གྱི་སྒོ་ནས་རྒྱུ་རྔན་བླངས་པ་དང་གོ་གནས་བེད་སྤྱོད་ཀྱིས་རང་གི་གྲོགས་པོ་ཉེ་འབྲེལ་ཚོའི་ཚོང་གི་ཁེ་ཕན་སྒྲུབ་པ། དཔོན་ས་བེད་སྤྱོད་ཀྱིས་རང་གི་གྲོགས་པོ་དང་ཉེ་འབྲེལ་གྱི་འདོད་དོན་སྒྲུབ་མིན་སོགས་ཀྱི་སྐོར། རྩ་འཛུགས་ཀྱིས་དྲི་བ་བྱས་པར་ལན་འདེབས་དྲང་པོ་མ་གནང་བའི་སྐྱོན་འཛུགས་དང་འབྲེལ། རྒྱལ་ཁབ་ཀྱི་སྲིད་ཇུས་དང་བསྟུན་པའི་ཐེབས་རྩའི་མ་དངུལ་འདྲ་མིན་ཉེ་འབྲེལ་ཚོར་ཐོབ་བཅུག་པ་དང་། ལས་འཆར་མ་དངུལ་གྱི་ཁ་ཕྱོགས་བསྒྱུར་བ།ཁྲིམས་འགལ་གྱིས་ས་ཆ་རྒྱ་ཆེན་པོ་བླངས་པ་སོགས་ཉེས་འཛུགས་བྱས་ཏེ། སྒྲིག་ཁྲིམས་ཞིབ་བཤེར་ལྷན་ཁང་གིས་ཡུན་ནན་ཞིང་ཆེན་གྱི་དམར་ཕྱོགས་ཚོགས་པའི་རྒྱུན་ལས་ལ་སྙན་ཐོན་སྤྲད་ཡོད་པས། བྱང་ཆུབ་ཟེར་བ་དམར་ཕྱོགས་ཚོགས་པའི་སྒྲིག་ཁོངས་ནས་ཕུད་རྒྱུ་ཐག་གཅོད་དང་། ལྐོག་རྔན་བླངས་པར་དོགས་ཡོད་ཀྱི་རྒྱུ་ཅ་ལག་གཞུང་གིས་ལེན་རྒྱུ།ཁྲིམས་འགལ་གྱི་བྱ་སྤྱོད་སྤེལ་བའི་དོགས་གཞིའི་ཐོག་ཞིབ་བཤེར་གྱིས།ཁྲིམས་ལྟར་ཐག་གཅོད་བྱེད་རྒྱུ་ཡིན་པ་རྒྱ་ནག་དབུས་གཞུང་གི་སྒྲིག་ཁྲིམས་ཞིབ་བཤེར་ལྷན་ཁང་གིས་བཏོན་ཡོད་པ་རེད།

ཉེ་ལམ་ནས་ཡུན་ནན་ཞིང་ཆེན་གྱི་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་རྒྱལ་ཐང་རྫོང་ནས་སྐྱེས་པ་དང་། བོད་རང་སྐྱོང་ལྗོངས་ཀྱི་གཙོ་འཛིན་ལས་འགན་ཁུར་མྱོང་བ་ཕྱེ་དགྲ་ལྷ་ལགས་ལའང་ཁྲིམས་འགལ་དང་སྒྲིག་འགལ་ཚབས་ཆེན་བྱས་པའི་ཉེས་འཛུགས་གྱིས་མཚོན། རྒྱ་ནག་གཞུང་གིས་ལྐོག་ཟ་རུལ་སོང་དང་ཆབ་སྲིད་ཀྱི་བརྟན་བརླིང་སོགས་ལ་ཁ་གཡར་ཏེ། ཉེ་བའི་ལོ་ཤས་ནས་བོད་རིགས་མགོ་ཁྲིད་མང་པོ་ཞིག་གནས་དབྱུང་དང་བཙོན་འཇུག་གི་གནས་ཚུལ་རྒྱུན་མཐུད་དུ་འབྱུང་གི་ཡོད་པ་རེད།

གསར་འགོད་པ། བློ་བྷེ།

རྩོམ་སྒྲིག་པ། བསྟན་འཛིན་བསྟན་སྐྱོང་།

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎