ཡོ་རོབ་ནང་གི་བོད་མིའི་གནས་སྟངས་ལ་འགྱུར་འགྲོས་ཇི་སོང་སོགས་ཀྱི་སྐོར།

2025.02.25
ཡོ་རོབ་ནང་གི་བོད་མིའི་གནས་སྟངས་ལ་འགྱུར་འགྲོས་ཇི་སོང་སོགས་ཀྱི་སྐོར།
Thupten Gyatso

བོད་མི་མང་ཡོ་རོབ་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་དང་།  སྤྱི་འཐུས་ཐུབ་བསྟན་རྒྱ་མཚོ་ལགས་རྣམ་གཉིས་ཀྱིས་ཡོ་རོབ་ཁུལ་དུ་ཕྱི་ལོ་ ༢༠༢༥ ཟླ་ ༡ ཚེས་ ༡༨ ནས་བཟུང་དབུ་འཛུགས་ཀྱིས་ཡོ་རོབ་ཀྱི་ཡུལ་གྲུ་སུད་སི་དང་། ཨི་ཊ་ལི། ཨོསི་ཊརི་ཡ། སྦེལ་འཇིཡམ། ཧྥ་རན་སི་བཅས་སུ་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་གནང་ཡོད་ཅིང་།  མུ་མཐུད་ཕྱི་ཟླ་ ༥ པའི་བར་ཁྱབ་ཁོངས་ས་གནས་ཁག་ཏུ་རིམ་བཞིན་ཕྱོགས་ཕེབས་གནང་བཞིན་འདུག་ཅིང་།  སྤྱི་འཐུས་ཐུབ་བསྟན་རྒྱ་མཚོ་ལགས་ཀྱིས་འདས་ལོ་ཁ་ཤས་ནང་ཡོ་རོབ་ཁུལ་དུ་རྒྱ་གར་དང་བལ་ཡུལ་སོགས་ནས་བོད་མི་སྤོ་བཞུད་བྱེད་མཁན་མང་པོ་ཡོད་ཅིང་།  ཕྱོགས་ཕེབས་འདིའི་སྐབས་ས་གནས་ཁག་ཏུ་བོད་པའི་གཞོན་སྐྱེས་མི་རབས་ཁྲོད་བོད་དོན་ཐོག་ལ་ལས་དོན་གནང་རྒྱུའི་འདུན་པ་སྔར་ལས་ལྷག་པའི་ཆེ་རུ་འགྲོ་བཞིན་ཡོད་པ་གཟིགས་བྱུང་ཞེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།  ཐེངས་འདིའི་གནད་དོན་གླེང་མོལ་གྱི་ལས་རིམ་ནང་།  སྤྱི་འཐུས་ཐུབ་བསྟན་རྒྱ་མཚོ་ལགས་སུ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་འགན་འཛིན་གཞོན་པ་བཀྲིས་དབང་ཕྱུག་ལགས་ཀྱིས་ཡོ་རོབ་ནང་གི་བོད་མིའི་གནས་སྟངས་ལ་འགྱུར་འགྲོས་ཇི་སོང་སོགས་ཀྱི་ཐད་གླེང་མོལ་ཞུས་པར་གསན་རོགས་གནང་།།

གསར་འགོད་པ།བཀྲིས་དབང་ཕྱུག

རྩོམ་སྒྲིག་པ། བསྟན་འཛིན་བདེ་སྐྱིད།

དྲྭ་ཐོག་སྤེལ་མཁན། ནོར་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎