གསར་འགྱུར་ཡིག་ཚགས།
2022-08-31
ཅེཀ་སྤྱི་མཐུན་རྒྱལ་ཁབ་ནང་ཚོགས་བཞིན་པའི་ཉིས་སྟོང་ཐམ་པའི་གླེང་སྟེགས་ཞེས་མཁས་པའི་ཚོགས་འདུའི་སྟེང་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱི་སྲིད་བློན་ཆེན་དང་སྲིད་བློན་མཆོག་ལ་མཇལ་འཕྲད་གནང་འདུག
2022-08-31
བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལས་འགུལ་འགན་འཛིན་པད་མ་སྒྲོལ་མ་ལགས་བོད་རང་བཙན་སློབ་ཕྲུག་ཚོགས་པའི་སྤྱི་ཁྱབ་འགན་འཛིན་གསར་བར་བསྐོ་བཞག་གནང་འདུག
2022-08-31
དེ་སྔའི་ཨུ་རུ་སུ་སྤྱི་མཐུན་རྒྱལ་ཁབ་གྱི་སྲིད་འཛིན་ཟུར་པ་དང་གྲང་དམག་གི་ཁོར་ཡུག་མེད་པ་བཟོ་མཁན་སྐུ་ཞབས་(Mikhail Gorbachev)་དགུངས་གྲངས་༩༡སྟེང་སྐུ་ཚེ་མ་ཟིན་པར་༧གོང་ས་མཆོག་གིས་ཐུགས་གསོ་མཛད་འདུག
2022-08-31
འདི་ཚེས་༣༡ཉིན་བོད་རང་སྐྱོང་ལྗོངས་ཟེར་བ་ཁྱོན་ཡོངས་སུ་ཏོག་དབྱིབས་རིམས་ནད་འགོས་ཁྱབ་བྱུང་བ་མི་གྲངས་༢༤༨འཕར་ནས་ད་བར་བསྡོམས་འབོར་མི་གྲངས་ཁྲི་གཅིག་བརྒལ་འདུག་ལ་མང་པོ་ཞིག་སྨན་ཁང་ནས་ཐོན་འདུག
2022-08-31
འདས་པའི་ཟླ་བ་ ༡ དང་ཉིན་གྲངས་ ༡༠ ཙམ་རིང་ཁུལ་དེར་ས་གནས་མི་འདྲ་བ་ ༡༡ ལྷག་གི་ནང་རླབས་ཆེན་གྱི་མཛད་པ་འཕྲིན་ལས་མང་དག་ཅིག་བསྐྱངས་པའི་རྗེས། ཕྱི་ཟླ་ ༨ པའི་ཚེས་ ༣༡ ཉིན་རྒྱལ་ས་ལྡི་ལི་ནས་མཁའ་ལམ་བརྒྱུད་བཞུགས་སྒར་རྡ་རམ་ས་ལར་ཞབས་སོར་བདེ་བར་འཁོད་གནང་སོང་།
2022-08-31
ཁོང་ཚོས་ཚིག་མཛོད་ལ་ཐུགས་སྣང་དང་དགའ་མོས་ཆེན་པོ་གནང་གི་འདུག་པ་དང་། ཁོང་ཚོ་ལ་༧གོང་ས་མཆོག་དབུས་པའི་བླ་ཆེན་རྣམ་པས་ལམ་སྟོན་རྒྱབ་སྐྱོར་དང་། མི་ཉིས་བརྒྱ་ལྷག་གིས་ལོ་མང་དཀའ་སྤྱད་ཀྱི་གྲུབ་འབྲས། བོད་ཀྱི་ཡ་རབས་བཟང་སྤྱོད་ཀྱི་རིག་གཞུང་གི་སྙིང་པོ་འདུས་པའི་ཚིག་མཛོད་དེ། ཆེཀ་གཞུང་མང་ལ་ལེགས་སྐྱེས་སུ་ཕུལ་བ་ཡིན་ཞེས་ཁོང་གིས་འགྲེལ་བཤད་གནང་བ་འགྲེལ་བརྗོད་གནང་གི་འདུག
2022-08-30
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་གོང་མས་གཞུང་འབྲེལ་གདན་ཞུ་སྣེ་ལེན་གནང་འདུག
2022-08-30
ཨ་རི་དང་ཐེ་ཝན་གྱི་ཆོས་ལུགས་རང་དབང་གི་གླེང་སྟེགས་ཐོག་ཨ་རིའི་དཔོན་རིགས་ཀྱི་ངོས་ནས་ཐེ་ཝན་ནི་རྒྱ་ནག་གི་སློབ་གསོ་བསྐྱར་མའི་དམིགས་འབེན་བྱ་ཡུལ་རྗེས་མ་དེ་ཡིན་པའི་ཉེན་བརྡ་བཏང་བ་དང་ཚོགས་ཐོག་ཏུ་བོད་ཀྱི་སྐུ་ཚབ་གདན་འདྲེན་ཞུས་ཡོད་འདུག
2022-08-30
འདི་ཚེས་༣༠ཉིན་བོད་རང་སྐྱོང་ལྗོངས་ཟེར་བ་ཁྱོན་ཡོངས་སུ་ཏོག་དབྱིབས་རིམས་ནད་འགོས་ཁྱབ་བྱུང་བ་མི་གྲངས་༢༡༥འཕར་ནས་ད་བར་བསྡོམས་འབོར་མི་གྲངས་༩༧༩༡ཟིན་འདུག་ལ་མང་པོ་ཞིག་སྨན་ཁང་ནས་ཐོན་འདུག
2022-08-30
བོད་ལྗོངས་རབ་བསྟན་ཐང་བྲིས་སྒྱུ་རྩལ་གླིང་གི་སློབ་གྲྭའི་གསལ་བསྒྲགས་ཤིག་སྤེལ་ཡོད་པ་འདི་ག་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ལ་འབྲེལ་ཡོད་ནས་མཁོ་སྤྲོད་གནང་བྱུང་ན་ཡང་། གསལ་བསྒྲགས་དེའི་ནང་ཁོང་གི་བཟའ་ཟླ་དང་བུ་མོ་བཅས་འབྲེལ་ཚོས་སྨན་ཁང་དུ་སྨན་བཅོས་ཆེད་ཁྲིད་སྐོར་ལས། སྙུང་གཞི་ག་རེ་ཡིན་སོགས་གསལ་ཁ་གང་ཡང་མི་འདུག
2022-08-29
སུད་སི་བོད་ཀྱི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་ཐེ་ཝན་གྱི་དཔལ་འབྱོར་རིག་གཞུང་ཁང་གི་སྤྱི་ཁྱབ་འགན་འཛིན་སོགས་སྐུ་ཚབ་དང་མཇལ་འཕྲད་ཀྱིས་རང་དབང་དང་དམངས་གཙོའི་གལ་འགངས་སྐོར་བཀའ་བསྡུར་གནང་རེད་འདུག
2022-08-29
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་དབུ་བཞུགས་ཐོག་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་པ་རག་ཏུ་ཡོ་རོབ་དང་འབྲེལ་བའི་ཐབས་བྱུས་ཚོགས་འདུ་ཚོགས་འདུག
2022-08-29
བོད་རང་སྐྱོང་ལྗོངས་ཟེར་བ་ཁྱོན་ཡོངས་སུ་ཚེས༢༩ཉིན་རྒྱབ་བར་ཏོག་དབྱིབས་རིམས་ནད་འགོས་བའི་ནད་པ་མི་གྲངས་༡༨༣བྱུང་ནས་ད་བར་ཁྱོན་བསྡོམས་ནད་པ་མི་གྲངས་༩༠༦༥ཟིན་འདུག་ལ་མང་པོ་ཞིག་སྨན་ཁང་ནས་ཐོན་འདུག
2022-08-29
ད་ལྟའི་ཆར་རྒྱ་ནག་གཞུང་གིས་ཏོག་དབྱིབས་རིམས་ནད་རྐྱེན་གྱིས་ས་གནས་དེའི་འབྲོག་པ་ཚོ་ཕྱིར་གྲོང་ཚོའི་སྡོད་ཁང་ནང་ལོག་བཅུག་གི་མེད་པར། ཡུལ་མི་ཚོ་གནས་སྐབས་རི་མགོ་སོགས་ནས་གུར་ཕུབས་སྟེ་བསྡད་ཡོད་འདུག
2022-08-29
སློབ་མ་བདེ་སྐྱིད་བཟང་མོ་ལགས་ཀྱིས། ཁོ་མོར་ཡིག་རྒྱུགས་གྲུབ་འབྲས་རྩེ་ཕུད་ཀྱི་གཟེངས་རྟགས་ཐོབ་པ་དེ་ནི་༸གོང་ས༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་དང་ཕ་མ་གཉིས་ཀྱི་བསླབ་བྱ་བཟང་པོ་དང་རྒྱབ་སྐྱོར། དེ་བཞིན་རང་ཉིད་ཀྱི་དུས་ཚོད་ཆུད་ཟོས་སུ་མ་བཏང་བར་ཉིན་རེར་སློབ་ཚན་ཁག་ལ་ཧུར་བརྩོན་བྱས་པ་མ་ཟད། ལྷག་ཏུ་༢༠༢༠ ལོར་རྒྱ་གར་ནང་ཏོག་དབྱིབས་ནད་དུག་ཁྱབ་གདལ་ཤུགས་ཆེར་འགྲོ་བཞིད་པའི་དུས་སྐབས་སུའང་དཀའ་ངལ་ཁག་གདོང་ལེན་གྱིས་འབད་བརྩོན་བྱས་པའི་གྲུབ་འབྲས་ཡིན་པ་ངོས་འཛིན་གནང་གི་འདུག