སྲིད་སྐྱོང་མཆོག་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་ནང་གདན་ཞུ་སྣེ་ལེན་གནང་འདུག

2022.08.30
སྲིད་སྐྱོང་མཆོག་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་ནང་གདན་ཞུ་སྣེ་ལེན་གནང་འདུག སྲིད་སྐྱོང་མཆོག་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་ནང་གདན་ཞུ་སྣེ་ལེན་སྐབས། ༠༨།༣༠།༢༠༢༢
Tibet Bureau Geneva

བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་དེང་སྐབས་ཅེག་སྤྱི་མཐུན་རྒྱལ་ཁབ་ནང་གཞུང་དོན་ཕྱོགས་བསྐྱོད་གནང་བཞིན་པ་དང་། དེའི་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་ཁོང་དང་ལྷན་བཅར་གནང་ཡོད་པ་སུད་སི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་སུ་བཅར་འདྲི་བྱས་སྐབས། འདི་ཚེས་༣༠ཉིན་སྲིད་སྐྱོང་མཆོག་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་གོང་མའི་ངོས་ནས་གདན་ཞུ་གནང་བ་ལྟར། གྲོས་ཚོགས་ནང་སྲིད་སྐྱོང་མཆོག་ལ་དགའ་བསུའི་སྣེ་ལེན་གྱི་མཛད་སྒོར་བཅར་ནས་བོད་དོན་གཏམ་བཤད་གནང་བ་དང་། དེ་ནས་ཅེཀ་སྤྱི་མཐུན་རྒྱལ་ཁབ་ནང་ཡོད་པའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་འདུར་བཅར་གནང་ཡོད་འདུག གཞན་སྨོན་ལམ་ཚིག་མཛོད་པོད་༢༢༣ཡོད་པ་ཅེཀ་སྤྱི་མཐུན་རྒྱལ་ཁབ་
ཀྱི་དཔེ་མཛོད་ཁང་དུ་ཞལ་འདེབས་ཕུལ་བའི་མཛད་སྒོར་སྲིད་སྐྱོང་མཆོག་མཉམ་ཞུགས་ཀྱིས། བོད་ཀྱི་རྒྱལ་རབས་ལོ་རྒྱུས་སྐོར་དང་། བོད་དེ་རྒྱ་ནག་གི་ཆ་ཤས་མིན་པའི་སྐོར་གཏམ་བཤད་གནང་ཡོད་པ་གསུངས་བྱུང་།

image_50448641.JPG
ད་དུང་ཁོང་མོས་གསུང་ན། ཕྱི་ཚེས་༢༩ཉིན་སྲིད་སྐྱོང་མཆོག་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་དང་པོ་(Vaclav Havel)་མཆོག་གི་དཔེ་མཛོད་ཁང་དུ་གདན་ཞུས་ལྟར་ཕེབས་པ་དང་། དེ་ནས་(Sinopsis)་ཞེས་པའི་ཅེཀ་སྤྱི་མཐུན་རྒྱལ་ཁབ་ནང་གི་ཞིབ་འཇུག་ལྟེ་གནས་ཁང་དེའི་འགན་འཛིན་སྐུ་ཞབས་(Martin Halal)་ལྷན་དུ་ཚོགས་འདུ་གནང་བ་དང་། གཞན་རྒྱལ་ས་པ་རཀ་ནང་གི་(Charles)་གཙུག་ལག་སློབ་གཉེར་ཁང་གི་བོད་རིག་པའི་སྡེ་ཚན་གྱི་འགན་འཛིན་རྣམ་པའི་ལྷན་ཚོགས་འདུ་འཚོགས་འདུག དེའི་རྗེས་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་གོང་མའི་ཚོགས་གཙོ་གཞོན་པའི་ལྷན་དགོང་ཟས་གནང་ནས་བོད་དོན་ཐད་བཀའ་མོལ་གནང་ཡོད་འདུག
ཕྱི་ཚེས་༣༡ཉིན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་(Forum 2000)་ ཞེས་པའི་གླེང་སྟེགས་དེར་མཉམ་ཞུགས་གནང་རྒྱུ་ཡིན་པ་རེད་འདུག
ད་ཐེངས་ཀྱི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཅེཀ་སྤྱི་མཐུན་རྒྱལ་ཁབ་ནང་གཞུང་དོན་ཕྱོགས་ཕེབས་ཀྱི་གནས་ཚུལ་ཁག་རྒྱལ་ཁབ་དེའི་གསར་འགྱུར་བརྒྱུད་ལམ་ཁག་གིས་དོ་སྣང་ཆེན་པོ་གནང་བཞིན་པ་ངོ་སྤྲོད་གནང་བྱུང་།

གསར་འགོད་པ། ལྷུན་གྲུབ་ཚེ་རིང་།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎